ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་བཞུགས་སྒར་དུ་ཕེབས་པ།

ཉི་ཧོང་གི་གྲོས་ཚོཊ་ཀྱི་འཐུས་མི་དང༌གཞུང་གི་སྲིད་ཇུས་སློབ་སྟོན་ཁང་གི་མི་སྣ་བཅས་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་དུ་ཕེབས་ཡོད་པ།

2011.09.23

༄༅༎བཞུགས་སྒར་རྡ་རམ་ས་ལར་འཚམས་འདྲིར་ཕེབས་པའི་ཉི་ཧོང་གི་གྲོས་ཚོགས་ཀྱི་འཐུས་མི་དང༌། གཞུང་གི་སྲིད་ཇུས་སློབ་སྟོན་ཁང་གི་མི་སྣ་བཅས་འཐུས་མི་བདུན་ལས་གྲུབ་པའི་སྐུ་ཚབ་ཚོགས་པས། བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དབུ་མའི་ལམ་གྱི་སྲིད་ཇུས་ལ་མཐའ་ཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
དེ་རིང་ཕྱི་ཚེས་༢༣ ཉིན་བཙན་བྱོལ་བོད་མིའི་དྲ་རྒྱ་ཐོག་གནས་ཚུལ་སྤེལ་བའི་ནང༌། ཉི་ཧོང་གི་སྐུ་ཚབ་ཚོགས་པ་དེ་ནི། ཉི་ཧོང་དུ་ཡོད་པའི་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་དོན་གཅོད་ཚེ་སྒོག་ལྷག་པ་ལགས་ཀྱིས་སྣེ་ཁྲིད་གནང་ཡོད་ཅིང༌། སྐུ་ཚབ་ཚོགས་པ་དེའི་ནང་དུ་སྲིད་དོན་ལ་སྙན་གྲགས་ཅན་ཁག་ཅིག་ཡོད་པ་ནི། ཉི་ཧོང་གྲོས་ཚོགས་ནང་གི་རང་དབང་དམངས་གཙོ་ཚོགས་པའི་ཚོགས་མི་ལྕམ་་ ཨི་རི་ཀོ་ ཡ་མ་ཏ་ཀ་ནི་དང༌། སྐུ་ཞབས་་ ཀ་ཀུ་འབུམ་ ཆི་མོ་མུ་ར  དེ་བཞིན་ཉི་ཧོང་རྒྱལ་ཡོངས་སྲིད་ཇུས་སློབ་སྟོན་ཁང་གི་ཚོགས་གཙོ་དང་གསར་འགོད་པ་བཅས་ཕེབས་ཡོད་པ་རེད།།
ཕྱི་ཟླ་དགུ་པའི་ཚེས་༢༢ ཉིན་སྐུ་ཚབ་འཐུས་མི་རྣམས་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་གནང་ཡོད་པ་དང༌། དེ་བཞིན་བཙན་བྱོལ་བོད་མིའི་སྲིད་སྐྱོང་བ་བློ་བཟང་སེངྒེ་མཆོག་དང། བོད་མི་དམངས་གྲོས་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་མཇལ་འཛོམས་གནང་ཡོད་ཅིང༌། དགོང་དྲོ་བཙན་བྱོལ་བོད་མིའི་ཕྱི་དྲིལ་ལྷན་ཁང་ནས་སྐུ་ཚབ་རྣམས་ལ་ཆེད་བསྟོད་ཞུ་ཆེད་གསོལ་སྟོན་ཞིག་གོ་སྒྲིག་ཞུས་པ་ལྟར། གསོལ་སྟོན་ཐོག་བཙན་བྱོལ་བོད་མིའི་ཕྱི་དྲིལ་ལྷན་ཁང་གི་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད།   
བོད་མི་དམངས་གྲོས་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། སྐུ་ཚབ་འཐུས་མི་རྣམས་ལ། རྒྱལ་སྤྱིའི་ནང་དུ་ཡོད་པའི་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་ཀྱི་འཐུས་མི་རྣམས་མ་འོངས་པའི་བོད་དོན་ཐོག་ལྷན་ཚོགས་གནང་རྒྱུའི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་ཚོགས་ཆེན་ཐོག་མཉམ་ཞུགས་གནང་རྒྱུའི་རེ་འདུན་གནང་པ་དང༌། འཐུས་མི་ཚོའི་ངོས་ནས། ད་རེས་བཞུགས་སྒར་དུ་འཚམས་འདྲིར་བཅར་ཐུབ་པ་དེ་ནི། སྔར་བས་བོད་དོན་ཐོག་ལ་རྒྱབ་སྐྱོར་བྱ་རྒྱུའི་སེམས་འགུལ་ཐེབས་པ་དང༌། དེ་ཡང་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ནན་བརྗོད་གནང་བ་དང་སྦྲགས། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་བྱ་སྤྱོད་ལ་ཧ་ཅང་གི་བློ་འཚབ་ཡོད། ཁོང་རྣམ་ཉི་ཧོང་དུ་ཕྱིར་ལོག་གྲུབ་པའི་རྗེས། བོད་དོན་རྒྱབ་སྐྱོར་གནང་མཁན་ཉི་ཧོང་གི་གྲོས་ཚོགས་འཐུས་མིའི་ལྷན་དུ་བོད་དོན་ཐོག་ལ་རྒྱབ་སྐྱོར་ཞུ་ཕྱོགས་ཐད་ཅིག་སྒྲིལ་དང་ལས་འགུལ་གྱི་ནུས་པ་ཆེ་རུ་གཏོང་ཐབས་ལ་གོ་བསྡུར་གནང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།།




བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎