ཉི་ཧོང་གི་སྲིད་བློན་རྒྱ་གར་དུ་འཚམས་འདྲིར་བསྐྱོད་འདུག

ཉི་ཧོང་གི་སྲིད་བློན་མཆོག་ནས་རྒྱ་གར་གྱི་སྲིད་བློན་གྱི་ལྷན་ཡུལ་གྲུ་ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་་སྲུང་སྐྱོབ་ཀྱི་གནད་དོན་སྐོར་བཀའ་བསྡུར།

2009.12.27

༄༅༎ཉི་ཧོང་གི་སྲིད་བློན་ཡུ་ཀི་ཡོ་ཧ་ཏོ་ཡ་མཱ་མཆོག་དེ་རིང་རྒྱ་གར་གྱི་ནང་འཚམས་འདྲི་གཟིགས་བསྐོར་དུ་ཕེབས་ཡོད་པ་དང་ཉི་ཧོང་གི་སྲིད་བློན་མཆོག་ནས་རྒྱ་གར་གྱི་སྲིད་བློན་གྱི་ལྷན་ཡུལ་གྲུ་ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་དེ་བཞིན་སྲུང་སྐྱོབ་ཀྱི་གནད་དོན་སྐོར་བཀའ་བསྡུར་གནང་གི་ཡོད་འདུག

ཉི་ཧོང་གི་སྲིད་བློན་ཧ་ཏོ་ཡ་མཱ་མཆོག་གིས་ཁ་ས་གཟིགས་བསྐོར་ཕེབས་ཐོན་སྔོན་གསར་འགོད་ལྷན་ཚོགས་ལ་བཀའ་ལན་གནང་བའི་ནང་ ཁོང་ནས་ད་རེས་གཟིགས་བསྐོར་གྱི་སྐབས་རྒྱ་གར་གཞུང་གི་ལྷན་རྡུལ་ཕྲན་གོ་མཚོན་ཁྱབ་གདལ་འགོག་སྲུང་གི་གནད་དོན་དེ་བཞིན་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་གཞན་ཡང་དཔལ་འབྱོར་གྱི་གནད་དོན་བཅས་གནད་དོན་མང་པོ་ཞིག་ལ་གྲོས་མོལ་ཞུ་འཆར་ཡོད་སྐོར་གསུངས་ཡོད་པ་རེད་

ཉི་ཧོང་གི་སྲིད་བློན་མཆོག་དང་རྒྱ་གར་གྱི་སྲིད་བློན་རྣམ་གཉིས་ད་རེས་སླར་ཡང་མཇལ་འཛོམས་གྲོས་མོལ་གནང་བ་དེ་ནི་ལོ་འདིའི་ནང་ ཐེངས་པ་གཉིས་པ་ཡིན་པ་དང་དབུ་ཁྲིད་རྣམ་ཉེ་ཆར་ཕྱི་ཟླ་བཅུ་པའི་ནང་ཐའེ་ལེན་ཌི་ཡུལ་ནང་བསྐོངས་ཚོགས་གནང་བའི་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་ཁག་གི་མཐུན་ཚོགས་ཀྱི་ཚོགས་ཆེན་གྱི་ཞོར་དུའང་ཟུར་མཇལ་གྲོས་མོལ་གནང་དགོས་ཡོད་པ་རེད་ 

སྲིད་དོན་དབྱེ་ཞིབ་པ་ཚོས་གསུངས་ན་སྤྱིར་རྒྱ་གར་དང་ཉི་ཧོང་གི་དབར་ཚོང་འབྲེལ་གུ་ཡངས་ཤིག་ཡོང་ཐབས་སུ་གྲོས་མོལ་ལ་བཞུགས་ཏེ་ ལོ་ངོ་བཅུ་ཙམ་འགྲོ་ཡི་ཡོད་ཀྱང་ཕྱོགས་གཉིས་ཀྱི་དབར་འགག་སྒོའི་བཅའ་ཁྲལ་སོགས་ཀྱི་དོན་རྐྱེན་མང་དག་ཅིག་ལ་རྟེན་ཚོང་འབྲེལ་གུ་ཡངས་པོ་ཞིག་མ་ཐུབ་པར་གནས་ཡོད་པར་གནད་དོན་དེར་འགྱུར་བཅོས་ཐུབ་ཐབས་དང་ཕྱོགས་མཚུངས་རྒྱ་གར་གཞུང་གིས་ཉི་ཧོང་ནས་རྒྱ་གར་གྱིས་རྡུལ་ཕྲན་ནུས་ཤུགས་ལ་རྟེན་གློག་ཤུགས་མཁོ་འདོན་བྱ་རྒྱུའི་ལས་འཆར་ལ་ཕན་པར་ཉི་ཧོང་གི་འཕྲུལ་རིག་སྒྱུ་རྩལ་གྱི་རོགས་སྐྱོར་ཡོང་བའི་རེ་བ་བྱེད་ཀྱི་ཡོད་པར་གནད་དོན་དེ་དག་གི་ཐད་གྲོས་མོལ་ཡོང་གི་ཡོད་སྐོར་གསུངས་ཀྱི་ཡོད་པ་དང་ཕྱོགས་ཚུངས་ཉི་ཧོང་དང་རྒྱ་གར་གཉིས་ཀྱི་དབར་རྒྱ་ནག་གི་རྒྱ་བསྐྱེད་འགྲོ་བཞིན་གྱི་དམག་དོན་སྟོབས་ཤུགས་ཀྱི་གནད་དོན་ཐད་ལའང་བཀའ་བསྡུར་གནང་གི་ཡོད་པའི་ཚོད་དཔག་གནང་གི་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎