ནང་སེམས་ཀྱི་བདེ་སྐྱིད་སྐྲུན་ཐབས།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ནང་སེམས་ཀྱི་བདེ་སྐྱིད་སྐྲུན་ཐབས་བྱེད་དགོས་རྒྱུ་གལ་ཆེ་བ་ཡིན་པའི་སྐོར་བཀའ་སློབ་སྩལ་བ།

2010.09.09

༄༅༎༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ནང་སེམས་ཀྱི་བདེ་སྐྱིད་སྐྲུན་ཐབས་བྱེད་དགོས་རྒྱུ་གལ་ཆེ་བ་ཡིན་པའི་སྐོར་བཀའ་སློབ་སྩལ་གནང་ཡོད་འདུག

དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་གནས་ནང་དེ་རིང་གནས་ཚུལ་སྤེལ་བར་གཞིགས་ན།  ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་པ་ཁག་ཅིག་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཁ་ས་ནས་བཟུང་ཉིན་གྲངས་གསུམ་རིང་བཞུགས་སྒར་དུ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཤེས་རབ་སྙིང་པོ་དང་། ལག་ལེན་སོ་བདུན་མའི་ཆོས་འབྲེལ་དབུ་འཛུགས་གནང་ཡོད་འདུག ཆོས་འབྲེལ་དབུ་མ་ཚུགས་གོང་༧གོང་ས་མཆོག་གི་བཀའ་སློབ་སྩལ་གནང་བའི་ནང་། ནང་ཆོས་ཉམས་ལེན་བྱེད་མཁན་ཞིག་ཡིན་པའི་ཆ་ནས་སེམས་ཅན་ཐམས་ཅད་ཀྱི་བདེ་སྐྱིད་ལྡན་པ་ཡོང་བའི་སྨོན་ལམ་རྒྱག་བཞིན་ཡོད། ང་ཚོ་མི་རེ་ངོ་རེའི་མ་འོངས་པའི་བདེ་དོན་དེ་འཛམ་གླིང་མི་འབོར་ཐེར་འབུམ་དྲུག་དང་འབྲེལ་བ་ཡོད། གལ་ཏེ་འགྲོ་བ་མིའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་སྟངས་དེ་ཞི་བ་དང་བདེ་སྐྱིད་ལྡན་པ། རྙོག་དྲ་ཉུང་བ་ཞིག་བྱུང་ན་མི་སྒེར་སོ་སོར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། ང་ཚོ་ཚང་མ་བདེ་བ་དང་བདེ་སྐྱིད་འདོད་པ། སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཤིག་ཆགས་ཡོད། རྙོག་དྲ་སུ་ལའང་དགོས་ཀྱི་ཡོད་མ་རེད། དེར་བརྟེན་མི་ཚང་མར་བདེ་སྐྱིད་ལྡན་པ་ཞིག་དོན་དུ་གཉེར་རྒྱུའི་ཐོབ་ཐང་ཡོད། སྤྱིར་ང་ཚོས་ཕྱི་དངོས་པོའི་བདེ་སྐྱིད་ལྡན་པ་ཞིག་འཚོལ་ཐབས་གཙོ་བོ་བྱེད་ཀྱི་ཡོད། ཕྱི་དངོས་པོའི་བདེ་སྐྱིད་ཀྱི་རིན་ཐང་དེ་གལ་ཆེན་པོ་ཡིན་ནའང་ཕྱི་དངོས་པོ་གཅིག་པུས་ནང་སེམས་ཀྱི་ཞི་བདེ་བསྐྲུན་མི་ཐུབ། མི་ཚེའི་ནང་ལམ་ལྷོང་བྱུང་སྐབས་དངུལ་འབེལ་པོ་ཆགས་ནས་འདོད་རྔམ་དང་ཕྲག་དོག་ དྭོགས་པ་རྣམ་རྟོག་ཆེ་རུ་འགྲོ་གི་ཡོད། དེར་བརྟེན་ཕྱི་དངོས་པོ་ཁོ་ནས་མཚམས་རེ་སེམས་ལ་དཀའ་ངལ་དང་དངངས་སྐྲག སེམས་འཕྲལ་འཕར་མ་བཟོ་གི་ཡོད། ང་ཚོའི་བེད་སྐྱིད་ཀྱི་འབྱུང་ཁུངས་རྩ་བ་དེ་ནང་གི་བསམ་བློའི་རིན་ཐང་ཡིན་ཞེས་བཀའ་གནང་ཡོད་འདུག ཆོས་འབྲེལ་ཞུ་བར་བཅར་མཁན་མི་གྲངས་ལྔ་སྟོང་ཙམ་ཡོད་པ་དང་། རྒྱལ་ཁབ་སིང་གྷ་པུར་དང་མ་ལེ་ཤེ་ཡ། ཨིན་རྡོ་ནེ་ཤ་ཡ། ཧོང་ཀོང་། ལྦིཏ་ནམ་སོགས་ནས་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎