རྒྱ་གར་གྱིས་མེ་འཁོར་ལྕགས་ལམ་ཟམ་པ་རིང་ཤོས་ཤིག་དབུ་འབྱེད་གནང་བ།


2018.12.26
རྒྱ་གར་གྱིས་མེ་འཁོར་ལྕགས་ལམ་ཟམ་པ་རིང་ཤོས་ཤིག་དབུ་འབྱེད་གནང་བ། རྒྱ་གར་གྱི་སྲིད་བློན་ན་རན་དྲ་ལོ་དཱི་མཆོག་གིས་རྒྱ་གར་བྱང་ཤར་མངའ་སྡེ་ཨ་སམ་གྱི་ས་གནས་Dibrugarh ཞེས་པའི་ས་གནས་ཀྱི་Bramaputra གཙང་ཆུའི་སྟེང་Bogibeel ཞེས་པའི་རྒྱ་གར་ནང་མེ་འཁོར་དང་འགྲུལ་འཁོར་ལྕགས་ལམ་མཉམ་དུ་ཡོད་པའི་ཟམ་པ་རིང་ཤོས་ཤིག་དབུ་འབྱེད་གནང་ཡོད་པ་རེད།
ཨེ་ཨེཕ་པི།

༄༅༎རྒྱ་གར་གྱི་སྲིད་བློན་ན་རན་དྲ་ལོ་དཱི་མཆོག་གིས་རྒྱ་ནག་གི་ས་མཚམས་དང་ཉེ་བའི་ད་རེས་རྒྱ་གར་སྲིད་བློན་མཆོག་གིས་དབུ་འབྱེད་གནང་བའི།

Bogibeel འགྲུལ་འཁོར་དང་ལྕགས་ལམ་ཟམ་པ་དེ་ནི་རིང་ཚད་ཀི་ལོ་རྨི་ཊར་

༤་དང་གྲངས་ཆུང་༩་ཡོད་པའི་གཙང་ཆུའི་ཟམ་པ་དེ་ནི་ས་གནས་མི་དམངས་ཀྱི་འཚོ་བའི་ནང་དགོས་མཁོ་ཆེན་པོ་ཞིག་ཡིན་པའི་སྐོར་དང་དེ་བཞིན་ལམ་གཞུང་ཟམ་པ་དེ་ནི་ཨ་སམ་དང་། རྒྱ་གར་གྱི་གྲོང་ཁྱེར་གཞན་ཁག་དང་འབྲེལ་མཐུད་ཀྱི་མཐུན་རྐྱེན་བཟང་དུ་བཏང་ཡོད་པའི་སྐོར་སྲིད་བློན་མཆོག་གིས་གསུངས་ཡོད་པ་རེད།

ཟམ་པ་དེའི་སྟེང་ལྗིད་ཚད་ཊོན་༦༠་ཙམ་ཡོད་པའི་རྒྱ་གར་གྱི་དྲག་པོའི་མཚོན་ལྡན་དམག་འཁོར་དང་དམག་འཐབ་གནམ་གྲུ་སོགས་ཀྱང་འགྲིམ་འགྲུལ་བྱེད་ཐུབ་པའི་ཁྱད་ཆོས་ལྡན་པ་ཞིག་ཡིན་ལུགས་འགྲེལ་བརྗོད་བྱས་འདུག

ཟམ་པ་དེའི་འཛུགས་བསྐྲུན་ཆེད་འགྲོ་སོང་ཨ་རིའི་ཌོ་ལར་ས་ཡ་༨༠༠་ཙམ་བཏང་ཡོད་པ་དང་ད་ཕན་དུས་ཡུན་ལོ་༡༦་ཙམ་འགོར་ཡོད་པ་རེད། དེ་སྔོན་བོད་དང་དབྱིན་ཇིའི་དབར་སྤྱི་ལོ་༡༩༡༤་ལོར་བཞག་པའི་སིམ་ལའི་ཆིང་ཡིག་གཞི་བཞག་མེག་མ་ཧན་ལན།ཞེས་པའི་ས་མཚམས་དབྱེར་མཚམས་དེར་རྒྱ་གར་དང་རྒྱ་ནག་དབར་རྒྱ་ནག་གིས་བོད་དབང་བཟུང་བྱས་ནས་ད་ལྟའི་བར་ས་ཆ་དེ་ཚོ་ཡུལ་གྲུ་གཉིས་ཀྱི་ས་མཚམས་ལ་ཆ་འཛིན་བྱེད་ཀྱི་ཡོད་རུང་ཡིན་ནའི་རྒྱ་ནག་གི་ཕྱོགས་ནས་དེ་ཁུལ་ས་ཆ་དེ་ཚོ་རྒྱ་ནག་གི་བདག་དབང་ཡོད་ལུགས་བརྗོད་ཀྱིན་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎