སྲོལ་རྒྱུན་སྨན་གྱི་ཚོང་འཕེལ་རྒྱས།


2013.03.31
རྒྱ་གར་ནང་སྲོལ་རྒྱུན་གསོ་རིག་ལྟར་བཟོ་སྐྲུན་བྱས་པའི་མཆིན་པའི་སྨན་སོགས་འགྲོ་རྒྱུག་ཆེན་པོ་ཡོད་པ།
ཧི་མ་ལ་ཡ་སྨན་ཚོང་ལས་ཁང༌།

༄༅༎རྒྱ་གར་གྱི་གནའ་སྔ་མོའི་གསོ་རིག་གི་སྔ་སྦྱོར་ལས་བཟོ་སྐྲུན་བྱས་པའི་མཆིན་པའི་ནད་ལ་ཕན་པའི་སྨན་Liv 52 དེ་ནི་ཧ་ཅང་གི་འགྲོ་རྒྱུག་ཆེ་ལ་ཕན་ཡོན་ལྡན་པ། ཁྲོམས་རའི་ཐོག་དུས་ཡུན་རིང་པོར་སྨན་ཚོང་བརྟན་པོ་ཞིག་ཡིན་པར་བརྟེན་སྔོ་སྨན་དེ་བཟོ་སྐྲུན་བྱེད་མཁན་སྨན་གྱི་བཟོ་གྲྭ་འཕེལ་རྒྱས་ཕྱོགས་སུ་བསྐྱོད་བཞིན་ཡོད་པའི་སྐོར་དེ་རིང་ཕེ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བཞག
དེ་ཡང་ཧི་མ་ལ་ཡའི་སྨན་གྱི་ཚོགས་པའི་འགན་འཛིན་སྨན་པ་Philipe Haydon ཡིས་གསུངས་པར། Liv 52 སྔོ་སྨན་དེ་ནི་ཐོན་སྐྱེས་ལེགས་པོ་ཞིག་མིན་ནའང་སྨན་དེ་ཡིས་མིའི་ཚེ་སྲོག་སྐྱོབ་ཀྱི་ཡོད་པ་དང༌། སྨན་དེའི་ནང་དུ་སྔོ་སྨན་རིགས་མི་འདྲ་བ་དྲུག་ཙམ་གྱིས་སྦྱོར་བ་བྱས་པ་ཞིག་དང༌། མཆིན་པའི་ན་ཚར་བདེ་སྤྱོད་གཏོང་གི་ཡོད་པ་རེད། སྨན་དེའི་ཕན་ནུས་ཐད་ལ་ནད་བཅོས་ཉམས་ཞིབ་ཐེངས་གཉིས་བྱས་ཏེ། དེའི་གྲུབ་འབྲས་༢༠༠༧ ལོའི་སྨན་གྱི་དུས་དེབ་ཞིག་དང་༢༠༠༩ ལོ་སོ་སོར་འདོན་སྤེལ་བྱས་པའི་ནང་སྨན་དེའི་ཕན་ནུས་ཧ་ཅང་གི་ཡག་པོ་ཡོད་པ་ཐོན་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། Himalayan སྨན་གྱི་ཚོགས་པ་དེ་ཡིས་བཟོ་སྐྲུན་བྱེད་པའི་སྨན་ནི། རྒྱ་གར་གྱི་སྔ་རབས་ཚེ་ཡི་རིག་བྱེད་སྨན་གྱི་གཞུང་ལུགས་རྨང་གཞིར་བྱས་པའི་སྨན་སྦྱོར་གྱི་ཐོག་ལ་ཕྱིའི་རྣམ་པ་དེང་རབས་དང་ལྡན་པ་བཟོ་སྐྲུན་བྱེད་མཁན་གྱི་ལམ་ལྷོངས་ལྡན་པའི་ཚོགས་པ་ཞིག་ཡིན་ཞིང༌། འདས་ཟིན་པའི་ལོ་ལྔའི་ནང་སྨན་དེ་ཚོང་བསྒྱུར་ལྡབ་བཞིས་འཕེལ་རྒྱས་ཕྱི་ཏེ་༢༠༡༢ ལོར་སྨན་ཚོང་པའི་ཡོང་འབབ་ནི་རྒྱ་གར་གྱི་སྒོར་མོ་ཐེར་འབུམ་༡༢ ཟིན་ཡོད་པར་བརྟེན་མ་འོངས་པའི་ལོ་བཞིའི་ནང་ནུབ་ཕྱོགས་པའི་སྨན་གྱི་ཁྲོམས་རའི་ཐོག་འགྲོ་རྒྱུག་ཕྱིན་པ་ཡིན་ན། ལོ་རེར་ཨ་རིའི་ཌོ་ལར་ཐེར་འབུམ་གཅིག་གི་ཡོང་འབབ་ཡོང་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎