ཧོང་ཀོང་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པ་ཞིག་གི་དྲ་རྒྱ་སྒོ་རྒྱག་དགོས་བ་བརྗོད་འདུག

2022.03.15
ཧོང་ཀོང་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པ་ཞིག་གི་དྲ་རྒྱ་སྒོ་རྒྱག་དགོས་བ་བརྗོད་འདུག (Hong Kong Watch)་ཞེས་པའི་དྲ་ངོས།
སྒྲིག་བཟོ།/RFA

ཧོང་ཀོང་ས་གནས་གཞུང་གིས་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་(Hong Kong Watch)་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པ་དེས་རྒྱ་ནག་གི་བདེ་འཇགས་སྲུང་སྐྱོབ་ཐོག་ཉེན་ཚབས་བཟོ་བཞིན་ཡོད་ཚུལ་དང་མཉམ་ཚོགས་པ་དེའི་དྲ་རྒྱ་སྒོ་རྒྱག་དགོས་པ་བཤད་ཡོད་པ་དང་།
དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་(Hong Kong Watch)་ཞེས་པའི་དྲ་རྒྱ་དེའི་འགན་འཛིན་སྐུ་ཞབས་(Benedict Rogers)་ཡིས། དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གིས་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གནས་ཚུལ་འདོན་སྤེལ་བྱས་པ་དེར་དངུལ་གྱི་ཆད་པ་དང་། བཙོན་འཇུག་གི་ཉེས་ཆད་འགེལ་རྒྱུ་དེ་ནི་ཧོང་ཀོང་ནང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་གཞི་དེ་ཧ་ཅང་གི་ཉེན་ཁ་ཆེན་པོ་ཡིན་པ་དེ་དཔེ་མཚོན་ཆགས་ཡོད་པ་དང་། གནད་དོན་འདིའི་ཐད་ང་ཚོ་ཁུ་སིམ་སིམ་འདུག་རྒྱུ་མིན་པ་གསུངས་འདུག
བདུན་ཕྲག་སྔོན་མའི་རེས་གཟའ་ཕུར་བུའི་ཉིན་ཧོང་ཀོང་གི་བདེ་འཇགས་ལས་ཁང་གིས་གོང་ཞུས་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་(Hong Kong Watch)་ཞེས་པའི་ཚོགས་པ་དེར་མགྱོགས་འཕྲིན་ཞིག་བཏང་བའི་ནང་། ཚོགས་པ་དེས་ཕྱི་རྒྱལ་གྱི་ཤོག་ཁག་དང་ངན་འབྲེལ་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཐད་གནོད་སྐྱོན་བཟོ་བཞིན་ཡོད་ལུགས་བཀོད་པ་དེ་ཚོགས་པ་དེའི་དྲ་རྒྱའི་སྟེང་སྤེལ་ཡོད་པ་དང་། དེ་བཞིན་ཧོང་ཀོང་གི་སྐོར་སྲུང་བའི་སྤྱི་ཁྱབ་པ་(Raymond Siu Chak yee)་ཀྱང་གོང་ཞུས་ཉིན་དེར་བརྡ་ཁྱབ་ཤིག་བཏང་བ་དེའི་ནང་ཚོགས་པ་དེའི་དྲ་རྒྱ་སྒོ་རྒྱག་དགོས་པའི་ཉེན་བརྡ་བཏང་ཡོད་པ་རེད་འདུག
གནད་དོན་འདིའི་ཐད་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ལྕམ་(Liz Truss)་ཡིས་སྤྱི་བསྒྲགས་ཞིག་སྤེལ་བའི་ནང་། ཧོང་ཀོང་གཞུང་གིས་འཛམ་གླིང་ནང་དམངས་གཙོ་དང་རང་དབང་ཐོག་གླེང་སློང་གནང་མཁན་གྱི་ཁ་འགོག་ཐབས་བྱེད་བཞིན་པ་དེ་ཁས་ལེན་གནང་ཐབས་བྲལ་བ་མ་ཟད། དེ་ལམ་ལྷོང་ཡང་ཡོང་རྒྱུ་མ་རེད་ཅེས་བཀོད་ཡོད་པ་རེད།
རྒྱ་ནག་ནང་དྲ་རྒྱ་བལྟ་ཀློག་བྱེད་རྒྱུར་དམ་དྲག་ཡོད་ནའང་ཧོང་ཀོང་ནང་དེ་ལྟར་མེད་པ་རེད། ཡིན་ཡང་ད་ཐེངས་ཧོང་ཀོང་གཞུང་གིས་རྒྱ་ནག་དབུས་གཞུང་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཞེས་བ་དེ་ལག་བསྟར་གྱིས་ཕྱི་རྒྱལ་གྱི་དྲ་རྒྱ་ཞིག་གི་ཐོག་དམ་དྲག་བྱས་པ་ཐོག་མ་ཆགས་ཀྱི་ཡོད་པ་རེད་འདུག

གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎