དམངས་གཙོ་ཚོགས་པའི་འཐུས་མི་མེད་པའི་ཧོང་ཀོང་གི་གྲོས་ཚོགས་ཚོགས་དུས་དང་པོ་འཚོགས་བཞིན་འདུག

2022.01.12
དམངས་གཙོ་ཚོགས་པའི་འཐུས་མི་མེད་པའི་ཧོང་ཀོང་གི་གྲོས་ཚོགས་ཚོགས་དུས་དང་པོ་འཚོགས་བཞིན་འདུག དམངས་གཙོ་ཚོགས་པའི་འཐུས་མི་མེད་པའི་ཧོང་ཀོང་གི་གྲོས་ཚོགས་ཚོགས་དུས་དང་པོ་འཚོགས་བཞིན་པ། ༠༡།༡༢།༢༠༢༢
Li Ruoru

དེ་ཡང་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཧོང་ཀོང་ནང་སྔ་ལོ་འོས་བསྡུ་བྱས་པའི་རྗེས་འདི་ཚེས་༡༢་གཟའ་ལྷག་པའི་ཉིན། ཧོང་ཀོང་ས་གནས་སྲིད་གཞུང་གི་གྲོས་ཚོགས་ཐོག་མ་དེ་ཚོགས་ཡོད་ཀྱང་སྔར་རྒྱུན་དང་མི་འདྲ་བར་ཐེངས་འདིའི་གྲོས་ཚོགས་ནང་ཕྱོགས་འགལ་དམངས་གཙོ་ཚོགས་པའི་འཐུས་མི་སུ་གཅིག་ཀྱང་མེད་པར་རྒྱལ་ཞེན་ཅན་གྱི་འཐུས་མི་༩༠་ལས་གྲུབ་པའི་གྲོས་ཚོགས་ཚོགས་དུས་དང་པོ་བསྐོངས་འཚོགས་བྱེད་བཞིན་ཡོད་འདུག
ཚོགས་འདུའི་ཐོག་ས་གནས་སྲིད་གཞུང་གི་སྤྱི་ཁྱབ་པ་ཀེ་རི་ལེམ་གྱིས་གཏམ་བཤད་སྤེལ་བའི་ནང་། རྒྱ་ནག་ལ་གྱེན་ལོག་བྱེད་མཁན་ཚོས་ཆབ་སྲིད་བེད་སྤྱོད་བྱས་ནས་ཧོང་ཀོང་གི་བདེ་འཇགས་སྲུང་སྐྱོབ་དང་བརྟན་ལྷིང་ལ་ཉེན་ཁ་བཟོས་པ་མ་ཟད། གྲོས་ཚོགས་ཀྱི་ལས་དོན་རྣམས་ལམ་ལྷོང་ལྡན་པ་ཞིག་འགྲོ་བཅུག་མེད་པ་རེད། འོན་ཀྱང་ད་ཆ་དེ་དག་གྲོས་ཚོགས་ནང་མེད་པར་བརྟེན་ད་བར་ང་ཚོའི་ལས་དོན་རྣམས་ཚགས་ཚུད་པོ་བྱུང་ཡོད་རེད་ཅེས། གང་ལྟར་དམངས་གཙོ་ཚོགས་པའི་འཐུས་མི་ཡང་ན་འོས་བསྡུའི་འགྲན་རྩོད་ནང་མ་ཞུགས་པ་དང། ཧོང་ཀོང་ནས་ཕྱིར་ཉེན་ཡོལ་དུ་འགྲོ་དགོས་བྱུང་བ་རྣམས་ལ་སྐྱོན་བརྗོད་བྱས་ཡོད་འདུག
ཧོང་ཀོང་ས་གནས་སྲིད་གཞུང་གི་འཛིན་སྐྱོང་དེ་སྔ་ཕྱི་ལོ་༡༩༩༧་ལོར་དབྱིན་ཇིས་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་པ་ནས་བཟུང་། རང་སྲིད་རང་སྐྱོང་ལྟ་བུར་གནས་ཡོད་ཀྱང་ཉེ་བའི་ལོ་ཤས་ནས་བཟུང་རྒྱ་ནག་དབུས་གཞུང་གིས་ཐེ་བྱུས་བྱས་པའི་རྐྱེན་གྱིས་ཧོང་ཀོང་ནང་མང་གཙོ་དོན་གཉེར་བ་དང་། སློབ་ཕྲུག་ཚོས་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བ་དང་དམངས་གཙོ་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཆེན་པོ་ཐོབ་པ་བཅས་ལ་བརྟེན་ཧོང་ཀོང་ནང་དམ་དྲག་ཤུགས་ཆེ་རུ་བཏང་བ་དང་། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཟེར་བའི་ཁྲིམས་གཞི་གསར་བཟོ་བྱས་པའི་འོག་མང་གཙོ་དོན་གཉེར་བའི་འཐུས་མི་དང་ལས་འགུལ་བ། གསར་འགོད་པ་སོགས་མང་དག་ཅིག་འཛིན་བཟུང་དོ་དམ་དང་བཙོན་འཇུག་བྱས་པ་བཅས་ཀྱི་གནས་སྟངས་འོག དམངས་གཙོ་ཚོགས་པའི་འཐུས་མི་ཚོས་སྔ་ལོའི་འོས་བསྡུའི་ནང་ཆ་ཤས་བླངས་མེད་པ་རེད་ལ་ཁག་ཅིག་ཕྱིའི་ཡུལ་གྲུར་ཉེན་ཡོལ་དུ་འགྲོ་དགོས་བྱུང་ཡོད་པ་བཅས་ཀྱི་གནས་སྟངས་འོག ད་ལྟའི་ཧོང་ཀོང་གི་གྲོས་ཚོགས་ནང་རྒྱལ་ཞེན་པ་ཞེས་རྒྱ་ནག་གཞུང་ལ་བརྩི་སྲུང་དགའ་ཞེན་བྱེད་མཁན་རྐྱང་ཡིན་པ་རེད།

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎