པེ་ཅིང་དུ་ཧོང་ཀོང་ཚོང་པས་ངོ་རྒོལ་་བྱས་ཡོད་པའི་སྐོར།
2008.08.21
༄༅༎རེས་གཟའ་ཕུར་བུའི་ཉིན་ཧོང་ནང་ནས་སྐྱེས་པ་ལྔ་དང་ བེུད་གཉིས་ བོུ་གཅིག་བཅས་མི་གྲངས་བརྒྱད་ཀྱིས་པེ་ཅིང་དུ་ཧོང་ཀོང་ཚོང་པར་ཁྲིམས་ཀྱི་དྲང་བདེན་དགོས་ཞེས་པའི་འཕྲེད་དར་འཁྱེར་ནས་ངོ་རྒོལ་བྱས་ཡོད་པ་དང་ ངོ་རྒོལ་སྐད་འབོད་བྱས་ནས་སྐར་མ་ལྔ་ཙམ་ལས་མ་ཕྱིན་བར་ཁོང་ཚོ་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་རེད། ངོ་རྒོལ་གནང་མཁན་གྲས་ལྦང་བཨའི་ནས་ཁ་པར་བརྒྱུད་ཨེ་པི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་གནང་བར། ཁོང་ཚོས་རྒྱ་ནག་གཞུང་གིས་གཏན་འབེབས་བྱེད་སའི་ས་ཁུལ་གསུམ་དེའི་ནང་ངོ་རྒོལ་བྱ་འདོད་ཡོད་ཀྱང་། ཉེན་རྟོག་པས་འགོག་རྐྱེན་སྣ་ཚོགས་བཟོས་ནས་ངོ་རྒོལ་བྱ་རྒྱུར་དཀའ་ངལ་བཟོ་གི་འདུག་ཅེས་ལན་འདེབས་གནང་འདུག ལྦང་བཨའི་ནས་མུ་མཐུད་གསུང་བར་ ཁོང་དང་དེ་མིན་ངོ་རྒོལ་གནང་མཁན་གྲས་མི་སྣ་ཚོ་ཧྲང་ཧད་ནང་ཚོང་གཉེར་མ་རྩ་བཙུགས་ཡོད་པ་དང༌། ཡིན་ནའང་ཁོང་ཚོའི་མ་རྩ་མགོ་སྐཀོར་བཏང་ཡོད་ཅིང༌། དེའི་སྐོར་ཁྲིམས་གཏུགས་བྱས་ནས་ཁྲིམས་ཐོག་ནས་མ་དངུལ་མི་མང་ཤོག་སྒོར་ས་ཡ་གཅིག་ཁོང་ཚོར་ཕྱིར་སློག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་ན་ཡང་ ཡིན་ནའི་གཞུང་གིས་ཁོང་ཚོར་མ་དངུལ་ད་དུང་ཕྱིར་སློག་བྱེད་ཀྱི་མེད་པའི་རྐྱེན་གྱིས་པེ་ཅིང་དུ་ངོ་རྒོལ་བྱེད་པར་ཡོང་བ་ཡིན་པའི་རྒྱུ་མཚན་འགྲེལ་བརྗོད་གནང་ཡོད་པ་རེད། གནས་ཚུལ་ཁག་ནང་འཁོད་པར་གཞིགས་ན། ཁ་ས་རྒྱ་ནག་གཞུང་གིས་འཛུགས་སྐྲུན་ལས་གཞིའི་ཆེད་རང་གི་ས་ཁང་བཤིག་ཧྲལ་གཏོང་རྒྱུའི་ཁོངས་སུ་ཚུད་ནས་ཁང་པ་བཤིག་ཧྲལ་བཏང་སྟེ་དེར་དགོང་ངེས་ཀྱི་ཐོབ་ཐང་མི་འཐོབ་པའི་རྒད་མོ་རང་ལོ་༨༠མ་ཟིན་ཙམ་གཉིས་ཀྱིས་ངོ་རྒོལ་བྱས་པར་རྒྱ་ནག་གི་ཁྲིམས་ཁང་ནས་རྒད་མོ་དེ་གཉིས་ལ་ངལ་རྩོལ་བསྒྱུར་བཀོད་ལོ་གཅིག་གི་ཁྲིམས་ཐོག་ཉེས་ཆད་བཅད་ཡོད་པ་རེད།