ནང་སྲིད་བཀའ་བློན་མཆོག་གིས་མངའ་སྡེའི་བློན་ཆེན་དང་མཇལ་མོལ།


2016.11.21
བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་མཆོག་གིས་རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་མོལ་གནང་སྐབས། ༢༠༡༦།༡༡།༡༩ བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་མཆོག་གིས་རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་མོལ་གནང་སྐབས། ༢༠༡༦།༡༡།༡༩
tibet.net

བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་མཆོག་གིས་བཙན་བྱོལ་བོད་མི་རྣམས་ཀྱི་སྐུ་ངལ་སེལ་ཆེད་Arunachal་མངའ་སྡེའི་རྒྱལ་ས་Itanagar་ནང་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་དང་མཇལ་འཕྲད་གནང་གནང་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལོ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་དབུ་ཁྲིད་པའི་མེའོ་ས་གནས་འགོ་འཛིན་དང་། འབྲེལ་ཡོད་ལས་བྱེད་ཁག་ཅིག་ཕྱི་ཚེས་༡༩་ཉིན་ཨ་རུ་ནཱ་ཅལ་མངའ་སྡེའི་བློན་ཆེན་མཆོག་མཇལ་བར་བཅར་དེ་མེའོ་དང་། ཀྲུ་ཀྲིང་། ཏི་ཛུ། བསྟན་འཛིན་སྒང་བཅས་བོད་མིའི་གཞིས་ཆགས་སུ་གནས་སྡོད་བྱེད་བཞིན་པའི་བཙན་བྱོལ་བོད་མི་རྣམས་ཀྱི་སྐུ་ངལ་སེལ་ཆེད་མངའ་སྡེའི་གཞུང་ནས་མཐུན་འགྱུར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་ཡིག་ཅིག་ཕུལ་གནང་བ་དང་ཆབས་ཅིག ཕྱི་ལོ་༢༠༡༤་ལོར་རྒྱ་གར་གཞུང་གིས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་དེ་ཨ་རུ་ནཱ་ཅལ་མངའ་སྡེའི་གཞུང་གིས་གང་མགྱོགས་གཏན་འབེབས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་གནང་འདུག  
སྐབས་དེར་སྤྱི་ཁྱབ་བློན་ཆེན་མཆོག་གིས་ཀྲུ་ཀྲིང་ཁུལ་དུ་རོགས་རམ་དགོས་གལ་ཆེ་བའི་བོད་མི་ཁྱིམ་ཚང་༩༦་ཡི་གཞིས་ཆགས་བསྐྱར་གསོ་དང་མཐུན་རྐྱེན་སྦྱོར་སྤྲོད་ཐད་བཀའ་ཤག་ལྷན་རྒྱས་སུ་བཀའ་བསྡུར་གནང་སྟེ་ཐག་གཅོད་གནང་རྒྱུ་མ་ཟད། བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་གང་མགྱོགས་ཕྱག་བསྟར་གནང་རྒྱུའི་ཁས་ལེན་གནང་ཡོད་པ་རེད། དེ་ནས་ནང་སྲིད་བཀའ་བློན་མཆོག་ནས་Bhalukpong་དུ་ཕེབས་ནས་འཕགས་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲིག་གནང་བའི་རྟ་དབང་གོམ་བགྲོད་ཅེས་པའི་ནང་མཉམ་ཞུགས་གནང་མཁན་ཚོགས་མི་རྣམས་དང་མཇལ་འཕྲད་གནང་ཡོད་པ་རེད།
ཕྱི་ཚེས་༢༡་ཉིན་ནང་སྲིད་བཀའ་བློན་མཆོག་འཕགས་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲིག་གནང་བའི་ལྷན་ཚོགས་སུ་མཉམ་ཞུགས་གནང་སྟེ་ཚོགས་འདུའི་ཐོག་བཀའ་སློབ་གསུང་བཤད་ཡང་གནང་ཡོད་པ་རེད།
ཕྱི་ཚེས་༢༢་དང་༢༣་ཉིན་ནང་སྲིད་བཀའ་བློན་མཆོག་འབུམ་སྡེ་ལ་དང་། བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་ཕེབས་ཏེ་དེར་གནས་ཞུགས་བོད་མི་རྣམས་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད།     

གསར་འགོད་པ་དབྱངས་སྒྲོན་དང། བོད་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎