རྒྱ་རིགས་སློབ་མར་མཇལ་འཕྲད་བཀའ་སློབ་བསྩལ་བ།


2015.09.16
གསར་འགོད་ལྷན་ཚོགས་ཤིག་གི་ཐོག་བཀའ་སློབ་གནང་བཞིན་པ།
དགའ་ལྡན་ཕོ་བྲང་།

༄༅།    །ཕྱི་ཚེས་ ༡༥ རེས་གཟའ་མིག་དམར་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ St Anne’s  མཐོ་སློབ་ཁང་དུ་རྒྱ་རིགས་སློབ་ཕྲུག་༥༠ ཙམ་ལ་མཇལ་ཁ་དང་བཀའ་སློབ་བསྩལ་གནང་མཛད་འདུག དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ཐོག་གནས་ཚུལ་བཀོད་སྤེལ་གཞིགས་ན།  ༸གོང་ས་མཆོག་གིས་རྒྱ་རིགས་སློབ་མ་རྣམས་དང་མཇལ་འཕྲད་སྐབས་མགོན་པོ་གང་ཉིད་མཆོག་གི་སྐུ་ཚེ་ཧྲིལ་པོའི་ནང་མཛད་ཁུར་དམ་བཅའ་གསུམ་སྟེ་འགྲོ་བ་མིའི་རིགས་ཡོངས་ཀྱི་བདེ་སྐྱིད་དང་བཟང་སྤྱོད་གོང་སྤེལ་གཏོང་རྒྱུ་དང་།  ཆོས་ལུགས་མཐུན་སྒྲིལ། བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། ནང་ཆོས་མི་ཉམས་རྒྱུན་འཛིན་མཛད་རྒྱུའི་སྐོར་ངོ་སྤྲོད་གནང་པ་དང་སྦྲགས།    དེང་སྐབས་རྒྱ་ནག་ནང་། ནང་ཆོས་དར་སྤེལ་ཤུགས་ཆེ་འགྲོ་བཞིན་པའི་སྐོར་བཀའ་སྩལ་གནང་འདུག།   དེ་ཡང་༧ གོང་ས་མཆོག་གིས་རྒྱ་ནག་ནི་སྲོལ་རྒྱུན་ཐོག་ནས་ནང་པའི་རྒྱལ་ཁབ་ཅིག་ཡིན་ཞིང་།  སྔར་ ༡༩༥༤།༥༥ ལོར་༸གོང་ས་མཆོག་རྒྱ་ནག་ཏུ་ཆིབས་བསྒྱུར་གནང་སྐབས་ནང་པའི་དགོན་པ་དང་གནས་ས་མང་པོ་ མཇལ་མྱོང་ཡོད་པ་དང་།  དེང་གི་ཆར་རྒྱ་ནག་ནང་ནང་པ་ས་ཡ་ ༤༠༠ ཙམ་ཡོད་པའི་ཁྲོད་མང་ཆེ་བས་བོད་བརྒྱུད་ནང་བསྟན་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་གསལ་འདོན་གནང་བཞག་  མཇལ་ཁའི་སྐབས་རྒྱ་རིགས་སློབ་མ་ཚོས་གལ་ཏེ་མ་འོངས་པར་༸གོང་ས་མཆོག་གི་ཡང་སྲིད་མ་ཕེབས་ཚེ་བོད་བརྒྱུད་ནང་བསྟན་དེ་ ཇི་ལྟར་འཚོ་གནས་ཐུབ་མིན་སྐོར་བཀའ་འདྲི་ཞུས་པར།  གོང་ས་མཆོག་གིས་ སྟོན་པ་བཅོམ་ལྡན་འདས་ཀྱི་ཡང་སྲིད་མེད་པའི་ཐོག་ནས་སྟོན་པའི་གསུང་རྣམས་ལོ་ སྟོང་ཕྲག་གཉིས་དང་ཕྱེད་ཀའི་རིང་དར་སྤེལ་འབྱུང་བཞིན་ཡོད།  བོད་ནང་དུ་ནང་ཆོས་དེ་དུས་རབས་ ༧ པའི་ནང་དར་སྤེལ་བྱུང་ཡོད་པ་དང་། ཏཱ་ལའི་བླ་མ་དངོས་སུ་མེད་ཀྱང་ནང་ཆོས་ཀྱི་རྩ་བ་སྲ་བརྟན་ཚུགས་ཐུབ་པ་བྱུང་ཡོད་པའི་བཀའ་ལན་བསྩལ་གནང་མཛད་འདུག  ཡང་༸གོང་ས་མཆོག་ནས་རྒྱ་མི་རིགས་རྣམས་ཀྱིས་ས་ཕྱོགས་གང་དུ་གནས་ཀྱང་སོ་སོའི་སྐད་ཡིག་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གྱི་འབད་བརྩོན་ལྷོད་མེད་བྱེད་བཞིན་པ་དེར་བསྔགས་བརྗོད་མཛད་ཡོད་པས་མ་ཟད། རྒྱ་རིགས་སློབ་མ་རྣམས་ལ་དུས་རབས་ ༢༡ པའི་ནང་པ་ཞིག་བྱེད་དགོས་པའི་བཀའ་སློབ་ཕེབས་པའི་ཐོག་ནང་ཆོས་ལ་ཡིད་ཆེས་བྱས་པ་ཙམ་ཞིག་མིན་པར་ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་ཞིབ་བྱས་ཏེ་རང་རྒྱུད་ལ་ཡིད་ཆེས་ཐོབ་པའི་ཐོག་ནས་དད་པ་ཞིག་སྐྱེ་དགོས་པ་ཡིན་སྐོར་ལམ་སྟོན་བཀའ་སློབ་གནང་འདུག།   
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎