༸གོང་ས་མཆོག་ནས་བསྐྱར་འདེམས་བྱུང་བའི་ནིའུ་ཛི་ལེན་ཌིའི་སྲིད་བློན་ལ་འཚམས་འདྲི།


2020.10.17
༸གོང་ས་མཆོག་ནས་བསྐྱར་འདེམས་བྱུང་བའི་ནིའུ་ཛི་ལེན་ཌིའི་སྲིད་བློན་ལ་འཚམས་འདྲི། ༸གོང་ས་མཆོག་ནས་བསྐྱར་འདེམས་བྱུང་བའི་ནིའུ་ཛི་ལེན་ཌིའི་སྲིད་བློན་ལ་འཚམས་འདྲིའི་གསུང་འཕྲིན།
སྒྲིག་བཟོ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནིའུ་ཛི་ལེན་ཌའི་སྲིད་བློན་ལྕམ་Jacinda Ardern མཆོག་ལ་སྩལ་བའི་འཚམས་འདྲིའི་ནང་གཉན་འཕྲང་ཆེ་བའི་དུས་ཚོད་འདིར་ཁྱེད་ནས་བློ་སྟོབས་ཆེན་པོ་དང་བློ་གྲོས་དང་རྣམ་དཔྱོད་ལྡན་པའི་ཐོག་ནས་ཡུལ་དེའི་དབུ་འཁྲིད་གནང་བར་༧མགོན་པོ་གང་ཉིད་ནས་ཡིད་རང་བསྔགས་བརྗོད་ཞུ་ཡི་ཡོད་ཅེས་དང་ལྷག་དོན་དུ་སྲིད་བློན་མཆོག་ནས་དཀའ་ཚེགས་ཆེ་བའི་སྐབས་སུ་ཞི་བདེ་བག་ཕེབས་དང་བྱམས་དང་སྙིང་རྗེ་ལྡན་པ་གུས་བརྩིའི་ཐོག་ནས་གཞན་ལ་ཡ་ལན་སློག་གནང་སྟངས་ལ་བསྔགས་བརྗོད་ཆེན་པོ་ཞུ་ཡི་ཡོད་ཅེས་བཀའ་སྩལ་གནང་མཛད་འདུག  ད་དུང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧མགོན་པོ་གང་ཉིད་ཡིད་འོང་མཛེས་སྡུག་ལྡན་པའི་ནིའུ་ཛི་ལེན་ཌའི་ནང་ལོ་མང་གོང་ཆིབས་བསྒྱུར་ཐེངས་འགའ་ཤས་མཛད་སྐབས་མི་དམངས་ཡོངས་ཀྱིས་མཛའ་གྲོགས་ཆེ་བའི་རྣམ་པ་བཏོན་པར་༧མགོན་པོ་གང་ཉིད་ལ་སེམས་འགུལ་ཆེན་པོ་ཐེབས་པ་དང་། ༧གང་ཉིད་ནས་འགྲོ་བ་མིའི་རིགས་ཡོངས་རྫོགས་གཅིག་འགྱུར་ཡིན་པའི་འདུ་ཤེས་གོང་འཕེལ་གཏོང་ཐབས་དང་ཆོས་ལུགས་རིས་སུ་མ་མཆིས་པ་ཡོངས་རྫོགས་མཐུན་སྒྲིལ་དགོས་ངེས་ཅན་ཡིན་སྐོར་བཀའ་གནང་བར་ནིའུ་ཛི་ལེན་ཌའི་མི་མང་ཚོས་སྤྲོ་སེམས་འཁོལ་བའི་ངང་ནས་དོ་སྣང་ཆེན་པོ་གནང་བར་༧གང་ཉིད་ཀྱི་བློ་སྟོབས་འཕེལ་གནང་སྐོར་བཀའ་གནང་འདུག  མཐའ་དོན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནིའུ་ཛི་ལེན་ཌའི་སྲིད་བློན་ལྕམ་ཨར་གྲན་མཆོག་ལ་མ་འོངས་པར་དཀའ་ངལ་གང་འདྲ་ཞིག་ལ་གདོང་ལེན་གནང་དགོས་བྱུང་ཡང་ཡུལ་དེའི་མི་མང་གི་མངོན་འདོད་དང་རེ་བ་བཞིན་དུ་ལམ་ལྷོང་ལྡན་པའི་ངང་འགྲུབ་ཐུབ་པའི་སྨོན་འདུན་མཛད་ནས་འཚམས་འདྲིའི་གསུངས་འཕྲིན་འདི་མཇུག་བསྡོམས་མཛད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎