རྒྱ་གར་གྱི་གཞུང་ཡིག་ནང་བོད་ཡིག་འགོད་ཐབས་ཀྱི་ཞུ་སྙན།
2010.12.02
༄༅༎རྒྱ་གར་བྱང་ཤར་ཁུལ་དུ་གནས་སྡོད་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ནང་པའི་ཆོས་དང་རིག་གཞུང་འཛིན་སྐྱོང་ཚོགས་པ་ནས་ཉེ་ཆར་རྒྱ་གར་དབུས་གཞུང་ལ་ཞུ་སྙན་ཞིག་ཕུལ་ཡོད་པ་དེའི་ནང་།
རྒྱ་གར་རང་བཙན་ཐོབ་པ་ནས་བཟུང་རྒྱལ་ཁབ་ཀྱི་མི་འབོར་ཞིབ་མཇུག་སྡོམ་རྩིས་གནང་བ་དང་དུས་མཚུངས་མི་མང་གི་འཚོ་བའི་གནས་སྟངས་དང་། ཤེས་ཡོན་། འཕྲོད་བསྟེན། མི་རིགས་དང་རིག་གཞུང་སོགས་སྲུང་སྐྱོབ་ཆེད་ལོ་བཅུ་རེའི་མཚམས་ཞིབ་འཇུག་ཐོ་བཀོད་གནང་གི་ཡོད་པ་ལྟར་ཕྱི་ལོ་ ༢༠༡༠ དང༌། བཅུ་གཅིག་ལོར་ལོ་བཅུ་རེ་འཁོར་བའི་མི་འབོར་ད་ལྟ་ཞིབ་མཇུག་གནང་བཞིན་ཡོད་པ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན་ཞིང་། ཧི་མ་ལ་ཡ་ནས་མཐའ་རྒྱ་མཚོ་བར། རང་རེ་རྒྱ་གར་གྱི་མི་མང་རྣམས་ནས་སོ་སོའི་རྒྱལ་ཁབ་ཡར་རྒྱས་དང་། རང་གཞན་ཚང་མ་ཞི་བདེ་ཡོང་ཐབས་སུ་འབད་བརྩོན་བྱེད་དགོས་པ་བརྗོད་མི་དགོས་པ་རེད། ཡིན་ནའང་དེ་དག་ཡོང་བར་གཙོ་བོ་ཤེས་ཡོན་ལ་བརྟེན་ནས་ཡོང་གི་ཡོད་པ་ཞིག་ཡིན་པ་དང་ཤེས་ཡོན་དེ་ཡང་གཞུང་གི་སློབ་གྲྭ་ཁག་ཏུ་ཡུལ་གྲོང་ས་གནས་མི་མང་གི་ཕ་མེས་ཀྱི་སྐད་ཡིག་གང་ཡིན་པ་དེ་སློབ་གྲྭ་ཁག་དུ་སློབ་འཁྲིད་བྱེད་དགོས་ཀྱི་ཡོད་པ་དང་། གཞུང་གི་སློབ་གྲྭ་ཁག་དུ་སློབ་རྒྱུའི་ཆེད་ས་གནས་སོ་སོའི་སྐད་ཡིག་ལ་དབུས་གཞུང་ནས་ངོས་ལེན་ཐོབ་དགོས་ཀྱི་ཡོད་པ་དེ་དག་ངོས་ལེན་ཡོང་ཐབས་སུ་ལོ་བཅུ་རེའི་མི་འབོར་ཞིབ་བཤེར་གྱི་འོག་ཞིབ་བརྩད་བྱེད་བཞིན་པའི་མི་འབོར་གྲངས་ཚད་དང་། སྐད་ཡིག་ཞིབ་མཇུག་སྐབས་སུ་གཞུང་གི་ཡིག་ཆའི་ནང་འཁོད་ཐུབ་པ་བྱེད་དགོས་ཀྱི་ཡོད་པ་བཅས་ལ་བརྟེན་རང་རེ་ཧི་མ་ལ་ཡའི་རི་བརྒྱུད་མི་རིགས་རྣམས་ནས་བོད་ཡིག་བྷོ་ཌི་འདི་ནི་ཤིན་ཏུ་རྩ་ཆེ་ཆོས་རིག་ཤེས་ཡོན་གྱི་རྩ་བ་ཞིག་ཡིན་པ་མཁྱེན་པའི་ཐོག་ནས་ལོ་འདིའི་མི་འབོར་ཞིབ་མཇུག་གི་ལས་དོན་སྐབས་གཞུང་གི་ཡིག་ཆའི་ནང་འཁོད་ཐབས་ངེས་པར་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་སྙན་དང་གསལ་བསྒྲགས་གནང་ཡོད་པ་རེད། ཞུ་སྙན་ཕུལ་མཁན་གཙོ་བོའི་གྲས་སུ་ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་གི་བྱང་ཕྱོགས་ལ་དཱགས་ཁུལ་ནས་སྐུ་ཞབས་ཆོས་འཕེལ་བཟོད་པ་ལགས་དང་། ཁུ་ནུ་པི་ཏི་ཁུལ་ནས་ལོ་ཆེན་རིན་པོ་ཆེ། ཤར་ཕྱོགས་ཁུལ་ནས་མཚོ་སྣ་རིན་པོ་ཆེ་བཅས་ཡིིན་པ་རེད།