༸གོང་ས་མཆོག་གིས་ཆོས་ལུགས་རིས་མེད་མཐུན་ཚོགས་ཀྱི་སྐུ་ཚབ་རྣམས་ལ་བཀའ་སློབ།


2018.12.21
༸གོང་ས་མཆོག་གིས་ཆོས་ལུགས་རིས་མེད་མཐུན་ཚོགས་ཀྱི་སྐུ་ཚབ་རྣམས་ལ་བཀའ་སློབ། ༸གོང་ས་མཆོག་གིས་ཆོས་ལུགས་རིས་མེད་མཐུན་ཚོགས་ཀྱི་སྐུ་ཚབ་རྣམས་ལ་བཀའ་སློབ།
དགའ་ལྡན་ཕོ་བྲང་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༡༢ ཚེས་༢༡ རེས་གཟའ་པ་སངས་སྔ་དྲོར་གནས་མཆོག་རྡོ་རྗེ་གདན་དུ་ཆོས་ལུགས་རིས་མེད་མཐུན་ཚོགས་ཀྱི་སྐུ་ཚབ་རྣམས་ལ་མིའི་བསམ་བློའི་བདེ་ཐང་བསྐྲུན་ཐབས་ལ་འབད་བརྩོན་དགོས་པ་དང་། ཆོས་ལུགས་ནང་ཕན་ཚུན་མཐུན་ལམ་དགོས་གལ་ཆེ་བའི་སྐོར་བཀའ་སློབ་ཕེབས་འདུག

གནས་མཆོག་རྡོ་རྗེ་གདན་ནང་ཡོད་པའི་ཆོས་ལུགས་མི་འདྲ་བ་༧ ཙམ་ལས་གྲུབ་པའི་མཐུན་ཚོགས་གྱི་སྐུ་ཚབ་༣༥  ཙམ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁར་བཅར་ཞིང་།  ཁོང་རྣམས་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས།  དུས་རབས་༢༡ དེའི་ནང་ཕྱི་དངོས་པོའི་འཕྲུལ་རིག་འཕེལ་རྒྱས་ཚད་མཐོ་པོ་འགྲོ་བཞིན་ཡོད་ཀྱང་། ཕྱི་དངོས་པོའི་འཕྲུལ་རིག་འཕེལ་རྒྱས་ཀྱིས་ནང་སེམས་རྒྱུད་ཀྱི་བྱམས་པ་དང་སྙིང་རྗེ་ལ་སོགས་པ་སེམས་ཀྱི་ཡོན་ཏན་བསྐྲུན་ཐུབ་ཐབས་མེད་པར་བརྟེན།  སློབ་གྲྭ་ཁག་གི་ཤེས་ཡོན་ལམ་ལུགས་ནང་སྔོན་འགྲོའི་འཛིན་རིམ་གྱི་གནས་ཚད་ནས་ཕྲུ་གུའི་གཟུགས་པོའི་བདེ་ཐང་བསྐྲུན་ཐབས་བྱས་པ་ཙམ་མ་ཡིན་པར་བསམ་བློའི་བདེ་ཐང་བསྐྲུན་ཐབས་འབད་བརྩོན་བྱ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་གནང་འདུག ད་དུང་སྐུ་ཚབ་ཚོར་ལམ་སྟོན་ཕེབས་པའི་ནང་། འཛམ་གླིང་ནང་གི་ཆོས་ལུགས་མི་འདྲ་བ་ཡོད་པ་དེ་དག་གིས་མི་བཟང་པོ་ཞིག་བཟོ་ཐབས་དང་འབྲེལ་བ་བསླབ་བྱ་གཅིག་པ་གནང་གི་ཡོད་སྟབས།  ཆོས་ལུགས་ནང་ཕན་ཚུན་གུས་བརྩི་དགོས་པའི་ཐོག།  ཆོས་ལུགས་ཁག་གིས་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་བསམ་བློའི་བདེ་སྐྱིད་བསྐྲུན་ཐབས་ཀྱི་བཟང་པོའི་བསླབ་བྱ་མི་འདེངས་བ་དེ་ཁ་གསབ་ཀྱི་ཆེད་དུ་ཆོས་ལུགས་དང་མ་འབྲེལ་བའི་བཟང་པོའི་བསླབ་བྱ་རྣམས་ཉམས་ལེན་བྱ་ཐུབ་པ་ཡིན་ཚེ་དེ་ཡིས་འགྲོ་བ་མིའི་སྤྱི་ཚོགས་དེ་འཆམ་མཐུན་ཡོང་རྒྱུར་ཕན་ཐོགས་འབྱུང་རྒྱུ་ཡིན་པ་བཀའ་གནང་འདུག

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎