གངས་ཤུགས་ཆེ་བབས་པར་བརྟེན་ཕར་འགྲོ་ཚུར་འོང་ལ་དཀའ་ངལ།
2020.03.14
རྒྱ་གར་གྱི་ཉིན་རེའི་གསར་ཤོག་ United News of India ཞེས་པས་དེ་རིང་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་ནང་འདས་པའི་དུས་ཡུན་ཆུ་ཚོད་ ༢༤འི་རིང་གངས་ཤུགས་ཆེན་བབས་པའི་ཉེར་ལེན་ལ་བརྟེན་ནས་བོད་དང་རྒྱ་གར་བར་གྱི་ལམ་ཆེན་ནམ་Hindustan Tibet National Highway ཞེས་པ་དང་། དེ་མིན་གྱི་ལམ་ཆེན་མང་དག་ཅིག་བཀག་ཡོད་པ་རེད།
བོད་དང་རྒྱ་གར་བར་གྱི་ལམ་ཆེན་དེ་བཀག་དགོས་བྱུང་བའི་ཤུགས་རྐྱེན་འོག ཧི་མ་ཅལ་མངའ་སྡེའི་ནང་གི་ས་གནས་Kufri དང་ Narkanda, Shimla སོགས་གངས་ཀྱིས་ཁེབས་ནས་གནས་ཡོད་པ་མ་ཟད། ཁ་ར་པ་ཐར་སོགས་མཐོ་ཚད་མཐོ་བའི་ས་གནས་ཁག་ཀྱང་གངས་ཀྱི་འོག་ཏུ་ཚུད་དེ་ས་གནས་ཀྱི་མི་མང་རྣམས་རྒྱུན་ལྡན་འཚོ་བའི་དོན་དུ་ཕར་འགྲོ་ཚུར་འོང་སོགས་ཀྱི་བྱེད་སྒོར་འགོག་རྐྱེན་ཆེན་པོ་འཕྲད་བཞིན་ཡོད་པ་རེད་མི་མང་གི་བདེ་འཇགས་ཀྱི་ཆེད་དུ་ ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་པའི་འགོ་ཁྲིད་མཐོ་ཤོས་ Om Pati Jamwal ལགས་ཀྱིས་མངའ་ཁུལ་གྱི་ལམ་ཆེན་ཕལ་ཆེ་བ་གངས་དང་འཁྱག་བག་འོག་ཏུ་བསྣན་ཡོད་པའི་རྐྱེན་གྱིས་མོ་ཊ་གཏོང་རྒྱུ་སོགས་ཀྱང་གནས་སྐབས་མཚམས་འཇོག་བྱེད་དགོས་པའི་བཀོད་ཁྱབ་ནན་པོ་གནང་ཡོད་པ་རེད།