མུ་འབྲེལ་འབར་རྫས་གཏོར་རྒོལ་བྱེད་པར་སྐྱོན་བརྗོད།

ཀམ་བུ་གྲི་ཡ་དང་ཐད་ལན་དབར་ད་ལོ་འཁྲུག་ཟིང་བྱུང་བའི་སྐབས་ཐད་ལན་གྱིས་མུ་འབྲེལ་འབར་རྫས་བེད་སྤྱོད་བྱས་པར་སྐྱོན་བརྗོད་བྱས་པ།

2011.04.06

༄༅༎མུ་འབྲེལ་འབར་རྫས་གཏོར་རྒོལ་ལ་ངོ་རྒོལ་བྱེད་མཁན་གྱི་ཚོགས་པས་ཐད་ལན་གཞུང་གིས་འབར་རྫས་དེ་རིགས་ཀམ་བུ་གྲི་ཡ་དང་ཐད་ལན་དབར་ད་ལོ་ཕྱི་ཟླ་གཉིས་པའི་ནང་འཁྲུག་ཟིང་བྱུང་བའི་སྐབས་ཐད་ལན་གྱིས་བེད་སྤྱོད་བྱས་པར་སྐྱོན་བརྗོད་བྱས་ཡོད་པ་རེད་ 

གོང་ཞུས་ཚོགས་པ་དེས་བརྗོད་པར་གཞིགས་ན་ འབར་རྫས་དེ་རིགས་ལོ་གསུམ་གྱི་གོང་བེད་སྤྱོད་མི་ཆོག་པའི་རྒྱལ་སྤྱིའི་ཆིངས་ཡིག་གཏན་འབེབས་བྱས་ཡོད་པ་དང་ ཡིན་ནའི་ཆིངས་ཡིག་དེའི་ཐོག་ཐད་ལན་དང་ཀམ་བུ་གྲི་ཡ་ཡུལ་གྲུ་གཉིས་ཀས་ས་རྟགས་བཀོད་མེད་པའི་སྐོར་བརྗོད་འདུག ད་ལོ་ཕྱི་ཟླ་གཉིས་པའི་ནང་ཐད་ལན་དང་ཀམ་བུ་གྲི་ཡའི་ས་མཚམས་སུ་ཡུལ་གྲུ་གཉིས་དབར་དྲག་པོའི་གདོང་ཐུག་བྱུང་བའི་རྗེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་མི་ཁག་ཅིག་དྲག་པོའི་གདོང་ཐུག་བྱུང་སའི་ས་ཁུལ་ནང་རྟོགས་ཞིབ་དུ་ཕེབས་ཡོད་པ་དང་ ཁོང་ཚོས་བརྟག་དཔྱད་བྱས་པའི་སྙན་ཐོ་འདོན་སྤེལ་གནང་བའི་ནང་ ས་ཁུལ་དེའི་ནང་ད་དུང་ཡང་འབར་གས་མ་བྱུང་བའི་གོང་ཞུས་མུ་འབྲེལ་འབར་རྫས་དེའི་རིགས་མཐོང་རྒྱུ་ཡོད་པ་འཁོད་ཡོད་ཅིང་ སྙན་ཐོ་དེ་འདོན་སྤེལ་བྱས་མ་ཐག་ཁམ་བུ་གྲི་ཡ་གཞུང་གིས་ཡུལ་གྲུ་གཉིས་ཀྱི་ས་མཚམས་སུ་དྲག་པོའི་གདོང་ཐུག་བྱུང་བའི་སྐབས་ ཐད་ལན་གཞུང་གིས་ ཉིན་བཞི་བསྟུད་མར་དྲག་པོའི་གཏོར་རྒོལ་བྱས་ལུགས་ཉེས་བཙུགས་བྱས་ཡོད་པ་དང་ ཡིན་ནའི་ཐད་ལན་གཞུང་གིས་ཡུལ་གཉིས་དབར་དྲག་པོའི་གདོང་ཐུག་བྱུང་བའི་སྐབས་གོང་ཞུས་ཀྱི་མུ་འབྲེལ་འབར་རྫས་དེའི་རིགས་བེད་སྤྱོད་བྱས་ལུགས་ཁས་ལེན་གནང་མེད་པ་དང་ གལ་སྲིད་གདོང་ཐུག་བྱུང་སའི་ས་གནས་ནང་ འབར་རྫས་དེ་རིགས་ཡོད་ཚེ་དེ་ཁམ་བུ་གྲི་ཡ་ཕྱོགས་ཀྱིས་བེད་སྤྱོད་བྱས་པ་ཞིག་ཡིན་ལུགས་བརྗོད་ཡོད་པ་རེད་ ཡིན་ནའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་བརྟག་དཔྱད་ཚོགས་མི་ཚོས་བཏོན་གནང་བའི་སྙན་ཐོའི་ནང་ འབར་རྫས་དེ་རིགས་ཐད་ལན་ཕྱོགས་ནས་བེད་སྤྱོད་བྱས་ལུགས་འཁོད་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎