པ་ཀིསི་ཐན་གྱི་རྡུལ་ཕྲན་ཚན་རིག་པ་གློད་འགྲོལ་ཆེད་ལས་འགུལ་སྤེལ་རྒྱུ།

པ་ཀིསི་ཐན་གྱི་རྡུལ་ཕྲན་གོ་མཚོན་གྱི་ཚན་རིག་པ་ཁའན་བཟང་བཙོན་ནས་གློད་འགྲོལ་འབྱུང་ཐབས་ཀྱི་ལས་འགུལ་ཞིག་འགོ་བརྩམ་རྒྱུ་ཡིིན་འདུག

2008.06.22

༄༅༎བཟང་བཙོན་འོག་ཡོད་པའི་ པ་ཀིསི་ཐན་གྱི་རྡུལ་ཕྲན་གོ་མཚོན་གྱི་ཚན་རིག་པ་ ཨབ་རྡུལ་ཁ་རྡིར་ཁའན་ གྱི་གྲོགས་པོ་དང་རྒྱབ་སྐྱོར་བ་ཚོས་ ཁོ་པ་བཟང་བཙོན་ནས་གློད་འགྲོལ་འབྱུང་ཐབས་ཀྱི་ལས་འགུལ་ཞིག་འགོ་བརྩམ་རྒྱུ་ཡིིན་པ་རེས་གཟའ་ཉི་མའི་ཉིན་གསལ་བསྒྲགས་བྱས་ཡོད་པ་རེད་

ཨབ་རྡུལ་ཁ་རྡིར་ཁའན་ནི་ པ་ཀིསི་ཐན་གྱི་ཡུལ་མི་མང་ཆེ་བས་ རྒྱལ་ཁབ་ཀྱི་རྡུལ་ཕྲན་མཚོན་ཆའི་ཕ་ལྟ་བུར་ངོས་འཛིན་བྱེད་ཡོད་ན་ཡང་ ཕྱི་ལོ་༢༠༠༤ལོར་ཁོ་པས་རྒྱལ་ཡོངས་བརྙན་འཕྲིན་ཐོག་རྡུལ་ཕྲན་མཚོན་ཆའི་ལག་རྩལ་གྱི་གསང་གནས་ ཨི་རན་དང་བྱང་ཀོ་རི་ཡ་ ལི་བི་ཡ་བཅས་ལ་ཚོང་བསྒྱུར་བྱས་པ་ངོས་ལེན་བྱས་པ་ནས་བཟུང་ པ་ཀིསི་ཐན་གཞུང་གིས་ཁོང་བཟང་བཙོན་འོག་བཞག་མུས་ཡིན་པ་རེད་

ཁའན་གློད་འགྲོལ་འབྱུང་ཐབས་ཀྱི་ལས་དོན་ཚོགས་པའི་ཚོགས་གཙོ་ ཧུ་སམ་ཨུལ་ཧག་ གིས་ ཁའན་གྱིས་ཁྲིམས་འགལ་ཉེས་དོན་གྱི་ཕྱག་ལས་གང་ཡང་གནང་མེད་སྟབས་ ཁོང་གློད་འགྲོལ་བཏང་སྟེ་ རང་དབང་ལྡན་པའི་མི་གཞན་ལྟར་གནས་ཆོག་པ་དགོས་ཀྱི་ཡོད་པ་མ་ཟད་ཁོང་ནི་ང་ཚོའི་ནུས་པ་དང་ བརྩི་མཐོང་ བདེ་འཇགས་ཀྱི་འབྱུང་རྩ་རེད་ཅེས་འགྲེལ་བརྗོད་བྱས་འདུག

པ་ཀིསི་ཐན་གྱི་གཞུང་གསར་པས་ རྡུལ་ཕྲན་ཚན་རིག་པ་ ཁའན་གྱི་ཐོག་བཀལ་བའི་དམ་བསྒྲགས་འགའ་ཤས་ཕྱིར་བསྡུ་གནང་སྟེ་ དེང་སྐབས་ཁའན་ལ་ཁ་པར་གྱི་ཐོག་གསར་འགོད་པ་དང་སྐད་ཆ་ཤོད་རྒྱུའི་ཆོག་མཆན་སྤྲད་ཡོད་པ་རེད་

ཉེ་ཆར་སྲུད་སིའི་ཚོང་པ་ཞིག་གི་ཀམ་པུ་ཊར་ནང་ རྡུལ་ཕྲན་མཚོན་ཆ་བཟོ་རྒྱུའི་འཆར་གཞི་འགྲེལ་བཤད་དང་བཅས་པ་ཞིག་ཡོད་པ་རྙེད་སོན་བྱུང་ཡོད་པ་དེའི་ནང་ཡང་ ཁའན་ཐེ་བྱུས་ཡོད་པ་རྒྱལ་སྤྱིའི་ཚན་རིག་དང་བདེ་འཇགས་ལྟེ་གནས་ཁང་གིས་སྙན་ཐོའི་ནང་གསལ་ཡོད་ན་ཡང་ ཁའན་གྱིས་དེ་ནི་རྫུན་བཟོ་འབའ་ཞིག་ཡིན་པ་འགྲེལ་བརྗོད་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎