རྒྱ་ནག་ནི་བསྟུད་མར་ལོ་དགུའི་རིང་འཛམ་གླིང་ནང་རང་དབང་གི་གནས་སྟངས་ཆེས་སྡུག་ཤོས་ཡིན་འདུག

2023.10.05
རྒྱ་ནག་ནི་བསྟུད་མར་ལོ་དགུའི་རིང་འཛམ་གླིང་ནང་རང་དབང་གི་གནས་སྟངས་ཆེས་སྡུག་ཤོས་ཡིན་འདུག ཨ་མི་རི་ཀའི་རང་དབང་ཁང་པས་༢༠༢༣ལོའི་དྲྭ་གནས་རང་དབང་གནས་སྟངས་སྐོར་གྱི་སྙན་ཐོ། ༡༠།༢༠༢༣
སྒྲིག་བཟོ།/FH

དེ་ཡང་ཨ་མི་རི་ཀའི་རང་དབང་ཁང་པ་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་འདི་ཚེས་༤རེས་གཟའ་ལྷག་པའི་ཉིན། ཕྱི་ལོ་༢༠༢༣ལོའི་འཛམ་གླིང་གི་དྲྭ་གནས་རང་དབང་གནས་སྟངས་སྐོར་གྱི་སྙན་ཐོ་འདོན་སྤེལ་གནང་ཡོད་པ་དང་། དེའི་ནང་འཛམ་གླིང་གི་རྒྱལ་ཁབ་༧༠ཡི་དྲྭ་གནས་རང་དབང་གི་གནས་སྟངས་དང་ཁོར་ཡུག་ལ་རྟོག་ཞིབ་བྱས་ཡོད་པ་དང་། འཛམ་གླིང་གི་དྲྭ་གནས་བེད་སྤྱོད་གནང་མཁན་བརྒྱ་ཆའི་༨༩ ལ་འབྲེལ་འདྲིས་བྱས་ནས་རྒྱུས་ལོན་བྱས་པའི་ཁྲོད། འཛམ་གླིང་ནང་བསྟུད་མར་ལོ་༡༣ རིང་དྲྭ་གནས་རང་དབང་གི་གནས་སྟངས་ཇེ་སྡུག་ཕྱིན་ཡོད་པ་དང་། ད་ལོའི་སྙན་ཐོའི་ནང་གཙོ་བོ་སྲིད་དབང་སྒེར་གཅོད་སྲིད་གཞུང་ཚོས་རིག་ནུས་དྲྭ་བའི་ཚན་རྩལ་བེད་སྤྱོད་ཀྱིས་སྲིད་གཞུང་གི་དབང་ཤུགས་རྒྱ་བསྐྱེད་གནད་དོན་སྐོར་ཡིན་ཞིང་། རྒྱལ་ཁབ་༢༩ ཡི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཡིན་པ་དང་། རྒྱལ་ཁབ་༢༠ཡིས་དམིགས་འབེན་འགྲུབ་ཐབས་བྱས་ཡོད་པ་བཅས་བཀོད་པའི་ནང་། རྒྱ་ནག་ནི་བསྟུད་མར་ལོ་དགུའི་རིང་འཛམ་གླིང་ནང་རང་དབང་ཆེས་སྡུག་ཤོས་མཐའ་མ་དེ་ཡིན་པ་དང་། རྟོག་ཞིབ་སྐར་གྲངས་བརྒྱ་ཐམ་པ་ཐོབ་སྐལ་ཡོད་པའི་ཁྲོད་རྒྱ་ནག་ལ་ད་ལོ་སྐར་མ་དགུ་མ་གཏོགས་མེད་པ་རེད། དེ་མིན་ཐེ་ཝན་ལ་སྐར་མ་༧༨ཐོབ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རང་དབང་ཐོབ་ཐང་ལེགས་ཤོས་ཨང་དང་པོ་དེ་ཡིན་འདུག
ཨ་མི་རི་ཀའི་རང་དབང་ཁང་པའི་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་རིག་ནུས་དྲྭ་བའི་ཚན་རྩལ་ཐད་མ་དངུལ་འབོར་ཆེན་བཏང་ནས་འབྲེལ་ཡོད་ཚོང་ལས་ཁང་དང་སྲིད་གཞུང་གི་དབང་བསྒྱུར་བརྟན་པོ་ཡོང་བར་ཞབས་ཞུ་བྱེད་བཞིན་པ་དང་། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་དྲྭ་གནས་ཆ་འཕྲིན་ལས་ཁང་གི་འཁོར་སྐྱོད་གྲངས་རྩིས་དང་གསར་འགྱུར་སྡེ་ཁག་རིག་ནུས་ཚན་རྩལ་བཅས་མཉམ་བསྲེས་བྱས་ནས། རྒྱ་ནག་གིས་དྲ་གནས་ཁོར་ཡུག་ལ་ཞིབ་བཤེར་ནན་མོ་དང་སྟངས་འཛིན་བྱེད་བཞིན་པ་བརྗོད་འདུག
དེ་མིན་རྒྱ་ནག་གིས་འཕྲུལ་ཆས་ཀྱི་མིས་ཁ་བརྡ་བྱེད་པ་བརྒྱུད་ནས་རྒྱ་ནག་དམར་ཕྱོགས་གཞུང་གིས་དབང་བསྒྱུར་སྲ་བརྟན་དུ་གཏོང་གི་ཡོད་པའི་སྐོར་ཡང་སྙན་ཐོའི་ནང་བཀོད་འདུག ད་དུང་སྙན་ཐོའི་ནང་རྒྱ་ནག་གཙོས་པའི་དབང་ཆ་སྒེར་གཅོད་སྲིད་གཞུང་ཚོས་དྲྭ་གནས་ཚན་རྩལ་བརྒྱུད་དབང་བསྒྱུར་སྲ་བརྟན་དོ་དམ་གྱི་རྣམ་པ་དེར་དམངས་གཙོའི་རྒྱལ་ཁབ་དག་གིས་ཐུན་མོང་གིས་ཕར་རྒོལ་བྱེད་རྒྱུ་གལ་འགངས་ཆེན་པོ་ཆགས་ཡོད་པ་གསལ་འདེབས་གནང་ཡོད་འདུག


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། ལྷུན་གྲུབ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎