ཐེ་ཝན་གྲོས་ཚོགས་ཀྱི་འཐུས་མི་༣༠་ལས་གྲུབ་པའི་ཐེ་ཝན་གྲོས་ཚོགས་ཀྱི་ཡུ་གུར་རྒྱབ་སྐྱོར་ཚོགས་པ་ཞེས་པ་ཞིག་གསར་འཛུགས་གནང་བ།

2021.04.24
ཐེ་ཝན་གྲོས་ཚོགས་ཀྱི་འཐུས་མི་༣༠་ལས་གྲུབ་པའི་ཐེ་ཝན་གྲོས་ཚོགས་ཀྱི་ཡུ་གུར་རྒྱབ་སྐྱོར་ཚོགས་པ་ཞེས་པ་ཞིག་གསར་འཛུགས་གནང་བ། ཐེ་ཝན་གྲོས་ཚོགས་ཀྱི་འཐུས་མི་༣༠་ལས་གྲུབ་པའི་ཐེ་ཝན་གྲོས་ཚོགས་ཀྱི་ཡུ་གུར་རྒྱབ་སྐྱོར་ཚོགས་པ་ཞེས་པ་ཞིག་གསར་འཛུགས་གནང་བ།
RFA/Erkin Tarim

༄༅།།ཐེ་ཝན་ནང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྲོས་ཚོགས་འཐུས་མི་སྐུ་ཞབས་Freddy Lim གིས། ཕྱག་སྦྲེལ་སྲིད་དོན་ཚོགས་པའི་འཐུས་མི་གཞན་ཁག་ཅིག་དང་མཉམ། ཐེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་མཚུངས་པ། ཐེ་ཝན་གྲོས་ཚོགས་ཀྱི་འཐུས་མི་༣༠་ལས་གྲུབ་པའི་ཐེ་ཝན་གྲོས་ཚོགས་ཀྱི་ཡུ་གུར་རྒྱབ་སྐྱོར་ཚོགས་པ་ཞེས་པ་ཞིག་གསར་འཛུགས་གནང་ཡོད་འདུག

ཁོང་གིས་དེ་ནི་ཐེ་ཝན་གྲོས་ཚོགས་ནས་ཡུ་གུར་མི་མང་ལ་གདུང་སེམས་མཉམ་སྐྱེད་ཀྱིས་རྒྱབ་སྐྱོར་མཚོན་ཆེད་དང་ཡང་རྒྱལ་སྤྱིའི་ཐོག་གྲོས་ཚོགས་འཐུས་མིའི་ཚོགས་པ་གཞན་ཁག་དང་ཡུ་གུར་མང་ཚོགས་ཀྱི་གནད་དོན་ལ་མཉམ་ལས་ཆེད་ཚོགས་པ་དེ་འདྲ་བ་ཞིག་དགོས་ངེས་ཅན་ཞིག་གཟིགས་ཀྱི་ཡོད་པ་གསུངས་ཡོད་པ་རེད།

དེ་ཡང་ཁོང་གིས་གསུང་བཤད་ནང་རྒྱ་ནག་གིས་བོད་དང་ཧོང་ཀོང་ཡུ་གུར་ཁ་ཆེ་མང་ཚོགས་ལ་སྡུག་སྦྱོང་དྲག་གནོན་ཤུགས་ཇེ་ཆེར་གཏོང་བཞིན་ཡོད་ན། ཐེ་ཝན་ངོས་ནས་རང་ཉིད་ཞི་བདེ་དང་རྒྱ་གར་རྒྱ་མཚོའི་མཚོ་རྒྱུད་ཀྱི་གནད་འགག་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ཤས་གནད་དོན་དེ་ཚོར་དོ་འཁུར་མ་བྱས་པ་དེ་མུར་གནས་ཐུབ་ཐབས་མེད་པ་གསུངས་ཡོད་པ་རེད།

ཐེ་ཝན་གྲོས་ཚོགས་འཐུས་མིའི་ཡུ་གུར་རྒྱབ་སྐྱོར་ཚོགས་པ་དེའི་ནང་ཚོགས་བཞུགས་གནང་མཁན་གྲོས་ཚོགས་འཐུས་མི་༣༠་ཙམ་བྱུང་སྟེ་རྒྱབ་སྐྱོར་གྱི་རྣམ་པ་གང་ཆེ་གསལ་སྟོན་བྱུང་ཡོད་པ་དང་། སྐབས་དེར་མཛད་སྒོའི་དྲྭ་བརྙན་བརྒྱུད་འཛམ་གླིང་ཡུ་གུར་ཚོགས་པའི་ཚོགས་གཙོ་Dolku Isa ཡང་མཉམ་བཞུགས་གནང་ཡོད་པ་དང་། གཞན་ཡང་ཐེ་ཝན་ནང་ཡོད་པའི་ཡུ་གུར་ཚོགས་པའི་འགོ་ཁྲིད་གཞན་ཁག་ཅིག་ཀྱང་ཆེད་བཅར་ཞུས་ཡོད་འདུག

འཛམ་གླིང་ཡུ་གུ་ཚོགས་པའི་ཚོགས་གཙོ་Dolku Isa གསུང་བཤད་ཀྱི་ནང་། རྒྱ་ནག་གཞུང་གིས་ཡུ་གུར་མང་ཚོགས་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་དྲག་གནོན་གཏོང་བཞིན་པའི་གནད་དོན་ངོ་སྤྲོད་གནང་ཞིང་། ཁོང་རང་ཉིད་དེ་སྔོན་ཕྱི་ལོ་༢༠༠༦ལོར་སྲིད་འཛིན་Chen Shuibianགིས་ལས་ཡུན་ཐེ་ཝན་ནང་ཡོང་རྒྱུའི་གོ་སྐབས་བྱུང་བ་དང་། ཡིན་ནའང་ཕྱི་ལོ་༢༠༠༩འི་རྗེས་ནས་རྒྱ་ནག་གཞུང་གིས་ཐེ་ཝན་ལ་གནོན་ཤུགས་སྤྲོད་འགོ་བཙུགས་པ་ནས་བཟུང་ཁོང་ཐེ་ཝན་ནང་ཡོང་མ་ཐུབ་པ་གནས་ཡོད་པ་གསུངས་འདུག

གྲོས་ཚོགས་འཐུས་མི་Freddy Lim་ནི་ཐེ་ཝན་གྲོས་ཚོགས་ནང་ཐེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་མཁན་དེ་ཡང་ཡིན་པ་དང་། ཁོང་ནི་ཐེ་ཝན་ནང་འདས་པའི་ལོ་མང་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་དང་། ཁོང་ནས་དེ་སྔ་ཐེ་ཝན་གྱི་New Power སྲིད་དོན་ཚོགས་པ་བཙུགས་ཏེ་འོས་བསྡུར་བཞུགས་ཡོད་ཀྱང་། ད་ལྟའི་འཆར་ཆབ་སྲིད་ཚོགས་པ་ཁག་དང་འབྲེལ་མེད་ཐོག་རང་དབང་ཅན་གྱི་འཐུས་མི་ཞིག་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎