སློབ་གྲྭ་ཁག་གི་ནང་སྐད་ཡིག་དང་རིག་ལམ་ཐོག་ཤུཊ་རྒྱག་དགོས།


2017.02.16
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག ༢༠༡༧༢།༡༠ ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག ༢༠༡༧༢།༡༠
ཽOHHDL

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་གྲྭ་ཁག་གི་ནང་སྐད་ཡིག་དང་རིག་ལམ་ཐོག་ཤུགས་སྣོན་རྒྱག་དགོས་པའི་བཀའ་སློབ་ཕེབས་ཡོད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༦ནས་༡༠་བར། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྟེན་གཞི་བྱེད་པའི་བོད་ཕྲུག་ཁྱིམ་སྡེའི་སྡོད་ཁང་དུ། བོད་ཕྲུག་ཁྱིམ་སྡེའི་འཛིན་སྐྱོང་འཕེལ་རྒྱས་ཚོགས་འདུ་ཐེངས་༣༩་བ་ཚོཊ་ཡོད་ཅིང་། ཚོཊ་བཅར་བ་རྣམས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཟུར་མཇལ་སྩལ་གནང་མཛད་ཅིང་། སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་གྲ་ཁག་ནང་གཙོ་བོ་སྐད་ཡིག་དང་རིག་ལམ་ཐོག་ཤུགས་སྣོན་རྒྱག་དགོས་པའི་བཀའ་སློབ་གནང་ཡོད་པ་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་རྡོ་རྗེ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་ངོ་སྤྲོད་གནང་འདུག
ཡང་ཚོཊ་འདུའི་སྐབས་བཀའ་སློབ་ཇི་བཞིན་ལག་བསྟར་བྱེད་ཕྱོཊ་ཐོག་གྲོས་བསྡུར་གྱིས་དེ་འབྲེལ་གྱི་དམིཊ་བསལ་གྲོས་ཆོད་དོན་ཚན་༡༩་ཅན་ཞིག་བཞག་ཡོད་པ་གསུངས་འདུག
འཛིན་སྐྱོང་འཕེལ་རྒྱས་ཚོཊ་འདུ་དེའི་ཐོག་བོད་ཕྲུག་ཁྱིོམ་སྡེའི་ཡན་ལག་ཁག་གི་འགན་འཛིན་དང་། སློབ་སྤྱི སྤྱི་ཁྱབ་ཡིག་ཚང་གི་འབྲེལ་ཡོད་ལས་བྱེད་ཁག་ཅིག་བཅས་སྡོམ་པའི་ཚོཊ་བཅར་བ་༢༤་ཡོད་པ་དང་། ཚོཊ་ཐོག་ཏུ་འདས་བའི་ལོའི་གྲོས་གཞིར་བསྐྱར་ཞིབ་དང་སྔོན་རྩིས་བཀའ་ཁྲོད་དམིགས་བཀར་ལས་གཞི། དེ་མིན་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་སོཊ་ཀྱི་སྐོར་ལ་བཀའ་བསྡུར་གནང་ཡོད་འདུག་ལ། འགན་འཛིན་ཁག་ཅིག་འཕོ་འགྱུར་ཕྱིན་ཡོད་འདུག
ད་ལྟའི་ཆར་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་སུ་སློབ་གྲྭ་བརྒྱད་དང་ལག་ཤེས་སློབ་གྲྭ་གཉིས། གོང་ས་ཏཱ་ལའི་བླ་མའི་མཐོ་སློབ་བཅས་ཡོད་ཅིང་། དེ་དག་ནང་སློབ་གྲྭ་འགྲིམ་བཞིན་པའི་སློབ་མ་ཆིག་ཁྲི་ཉིས་སྟོང་ལྷག་དང་། དགེ་རྒན་དང་ལས་བྱེད་ཆིག་སྟོང་ཉིས་བརྒྱ་ཙམ་ཡོད་པ་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་འགན་འཛིན་གྱིས་མཚམས་སྦྱོར་གནང་འདུག།

གསར་འགོད་པ་རྡོ་རྗེ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎