བོད་རང་ནས་ཐོན་པའི་ཁ་བཏགས་ཐོན་རྫས།


2015.09.21
འབའ་རྫོང་དུ་བོད་རང་ནས་ཐོན་པའི་ཁ་བཏགས་ཐོན་རྫས། ཁ་བཏགས།
ཝི་ཀི་པི་ཌི་ཡ།

༄༅།    །སྤྱིར་ཁ་བཏགས་དེ་བོད་པའི་སྤྱི་ཚོགས་ཀྱི་ནང་རྒྱུན་དུ་བེད་སྤྱོད་ཤུགས་ཆེ་བྱེད་པའི་སྐྱིད་སྡུག་གི་མཚོན་དོན་ཞིག་བྱེད་པ་དེའི་ཐོན་ཁུངས་ནི་རྒྱ་གར་དང་ཡང་ན་རྒྱ་ནག་གཉིས་ནས་ཤུགས་ཆེ་བ་འདོན་སྤེལ་བྱེད་བཞིན་ཡོད་པ་རེད།    ཡིན་ནའང་ཉེ་བའི་ཆར་བོད་མཚོ་སྔོན་བོད་རིགས་ས་ཁུལ་གྱི་ཁ་བཏགས་ཐོན་སྐྱེད་ལས་སྣོན་བཟོ་གྲྭ་ཨང་དང་པོ་དེ། མཚོ་ལྷོ་ཁུལ་འབའ་རྫོང་དུ་གསར་བསྐྲུན་བྱས་ཏེ་རང་ཡུལ་གྱི་ཁ་བཏགས་དང་དར་ལྕོག་ཐོན་སྐྱེད་ཐོག་མ་བྱེད་པའི་གནས་ཚུལ་ཞིག་བྱུང་ཡོད་པ་རེད།
དེས་བོད་ཀྱི་ཞིང་འབྲོག་མི་མང་གི་འཚོ་བའི་ནང་རྒྱུན་དུ་སྤྱོད་པའི་ཁ་བཏགས་ལ་སོགས་པའི་མཆོད་རྫས་སོགས་རང་ཡུལ་གྱི་ནང་བཟོ་བསྐྲུན་བྱེད་ཐུབ་ན།    དེས་མི་མང་གི་འཚོ་བར་ཕན་ཐོགས་བྱེད་ཐུབ་ཀྱི་ཡོད་པ་རེད།
དེས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་མཚོ་སྔོན་ཞིང་ཆེན་དུ་ཁ་བཏགས་དང་དར་ལྕོག་པར་སྐྲུན་བཟོ་གྲྭ་མེད་པའི་སྟོང་ཆ་གསབ་རྒྱུ་རེད། བཟོ་གྲྭ་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་ཞིང་ཆེན་རིམ་པའི་དབུལ་སྒྲོལ་ཐོན་ལས་གླིང་དུ་གནས་པ་དང་ཁྱོན་མ་དངུལ་སྒོར་ཁྲི་༥༦༡བཏང་ཡོད། འཁོར་ཁང་དང་ལས་སྒྲུབ་ཁང་སྨི་ངོས་གྲུ་༡༥༠༠ལྷག་ཙམ་བསྐྲུན་ཡོད་པ་རེད།
དེ་སྔོན་ཡིན་ན་ས་གནས་ཀྱི་ཞིང་འབྲོག་ལ་མཁོ་བའི་ཐོན་རྫས་དེ་དག་ཚང་མ་སི་ཁྲོན་ནས་དབོར་དགོས་ཀྱི་ཡོད་པས། ལམ་ཐག་རིང་བ་དང་རིན་གོང་མཐོ་ཁར་ཚོས་གཞི་ཡང་སྣ་ཁ་འཛོམས་པོ་མེད། དགུན་དུས་ཁ་བ་ཆེན་པོ་བབས་པ་དང་སྐབས་འཁེལ་ན། དེ་བས་མཁོ་སྤྲོད་འགན་ལེན་བྱེད་ཐབས་བྲལ་ཡོད། རྣམ་གྲངས་དེ་བསྐྲུན་ཟིན་རྗེས་རྣམ་པ་དེར་འགྱུར་ལྡོག་དཔྱིས་ཕྱིན་པ་འགྲོ་རྒྱུ་མ་ཟད། ས་ཆ་དེ་རང་ནས་ཐོན་སྐྱེད་ལས་སྣོན་བྱས་པའི་ཁ་བཏགས་དང་དར་ལྕོག་སོགས་ཐོན་རྫས་ཀྱིས་ས་ཁུལ་དེ་གའི་དགོས་མཁོ་སྐོང་ཐུབ་པའི་ཁར། ད་དུང་སི་ཁྲོན་སོགས་མཐའ་འཁོར་ཞིང་ཆེན་དུ་ཕྱིར་འཚོང་ཡང་བྱེད་ཐུབ་རྒྱུ་རེད། ཁ་བཏགས་བཟོ་གྲྭ་དེའི་བདག་པོ་བོད་མི་ཡིན་མིན་གྱི་གནས་ཚུལ་ཁ་གསལ་ཞིག་ཐོན་མིན་འདུག།  
གསར་འགོད་པ་ཕྲེང་རིང་བསྟན་ནོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎