ཇོ་མོ་གླང་མའི་ཁོར་ཡུག་ཆེད་ཕྲལ་སེལ་གསང་གཅོད་དགོས་གལ།

རི་བོ་ཇོ་མོ་གླང་མའི་རི་རྩེར་འཛེགས་མཁན་ཚོའི་ཆེད་དུ་སྤོ་འཁྱེར་བདེ་བའི་ཕྲལ་སེལ་གསང་སྤྱོད་བཟོ་རྒྱུའི་བསམ་གཞིགས་གནང་དགོས་སྐོར།

2011.10.13

༄༅༎ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞིག་གིས་བལ་ཡུལ་གཞུང་ལ་རི་བོ་ཇོ་མོ་གླང་མའི་རི་རྩེར་འཛེགས་མཁན་ཚོའི་ཆེད་དུ་སྤོ་འཁྱེར་བདེ་བའི་ཕྲལ་སེལ་གསང་སྤྱོད་བཟོ་རྒྱུའི་བསམ་གཞིགས་གནང་དགོས་པའི་སྐོར་གསུང་འདུག།
ཨེ་ཁོ་ཧི་མལ་(Eco Himal)ཞེས་པའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པས་ ལོ་ལྟར་བལ་ཡུལ་ཕྱོགས་ཀྱི་ ཇོ་མོ་གླང་མའི་ལྷོ་ངོས་རྟེན་གཞི་ནས་ རི་རྩེར་འཛེགས་སྐྱོད་བྱེད་མཁན་རི་འཛེགས་པ་སྟོང་ཕྲག་འགའ་ཤས་ཡོད་པ་དེ་ཚོ་དང་ཁོང་ཚོའི་དོ་པོ་འོར་མཁན་ཚོའི་ཆེད་དུ་ཕྲལ་སེལ་གསང་སྤྱོད་བཟོས་པ་ཡིན་ན། ཇོ་མོ་གླང་མའི་ཁོར་ཡུག་གཙང་མ་འཇོག་རྒྱུར་ཕན་ཐོགས་ངེས་ཅན་ཞིག་ཡོང་རྒྱུ་ཡིན་སྐོར་གསུངས་བཞག།
ཨེ་ཁོ་ཧི་མལ་ཚོགས་པའི་ངེས་སྟོན་པ་ཕུན་ཚོགས་ཤར་པ་ཡིས་ ཕྱི་རྒྱལ་གྱི་རི་འཛེགས་ཚོགས་པ་ཚོས་ སྟབས་བདེའི་གསང་སྤྱོད་ལྕགས་ཀྲིན་མཉམ་འཁྱེར་བྱེད་སྲོལ་ཡོད་ནའང༌། ཁོང་ཚོའི་དོ་པོ་འོར་མཁན་གླ་མི་ཚོ་ཉེ་འཁྲིས་གངས་ཀྱི་དཀྱིལ་ལ་གཙོག་གཅིན་གཏོང་རྒྱུ་མ་གཏོགས་ཐབས་ཤེས་གཞན་མེད་སྟབས། ཇོ་མོ་གླང་མའི་ཁོར་ཡུག་ལ་སྦག་གཙོག་ཤོར་གྱི་ཡོད་སྟབས། སྤྱི་སྤྱོད་གསང་གཅོད་ངེས་པར་དུ་དགོས་ཀྱི་འདུག་ཅེས་འགྲེལ་བརྗོད་བྱས་འདུག།
ཁོར་ཡུག་སྲུང་སྐྱོབ་དོན་གཉེར་བ་ཚོས་གསུངས་ན། དེ་སྔོན་རི་འཛེགས་བྱེད་མཁན་ཚོས་ རི་བོ་ཇོ་མོ་གླང་མའི་གཡས་གཡོན་གད་སྙིགས་མང་པོ་བཟོ་གི་ཡོད་པ་དང༌། རི་འཛེགས་སྐབས་སྲོག་སྐྱོན་བྱུང་བའི་མིའི་ཕུང་པོ་དེ་ཚོ་གནམ་གཤིས་གྲངས་ངར་ཆེ་བའི་རྐྱེན་གྱིས་རུལ་ནས་གཙང་མ་ཆགས་ཡག་ལ་ལོ་བཅུ་ཕྲག་འགའ་ཤས་འགོར་གྱི་ཡོད་པ་རེད།
རི་བོ་ཇོ་མོ་གླང་མའི་འདབས་རོལ་གསང་སྤྱོད་བཟོ་རྒྱུའི་འཆར་གཞི་དེ་བལ་ཡུལ་གཞུང་གི་གད་སྙིགས་གཙང་སེལ་འཆར་གཞི་ཁུངས་གཏོགས་གྲོས་བསྡུར་གནང་རྒྱུ་ཡིན་ལུགས་ཕུན་ཚོགས་ཤར་པས་འགྲེལ་བརྗོད་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎