སེང་གེ་བྲག་དགོན་པར་བཟའ་བཅའ་མེད་པའི་དཀའ་ངལ།


2015.04.30
ས་ཡོམ་གོད་ཆག་ཁྲོད་ཀྱི་མཆོད་རྟེན་འཕགས་པ་ཤིང་ཀུན། ༢༠༡༥།༤།༢༨ ས་ཡོམ་གོད་ཆག་ཁྲོད་ཀྱི་མཆོད་རྟེན་འཕགས་པ་ཤིང་ཀུན། ༢༠༡༥།༤།༢༨
དྲ་བཤུས
ཟླ་༤ཚེས༢༥ཉིན་གྱི་འགུལ་ཚད་རིམ་པ་༨ལ་ཉེ་བའི་ས་ཡོམ་གོད་ཆག་ཁྲོད། བལ་བོད་ས་མཚམས་སུ་ཡོད་པའི་སེང་གེ་བྲག་དགོན་པའི་གྲྭ་ཤག་དང་བསྒྲུབ་ཁང་ཆ་ཚང་ཐོར་བཤིག་གིས་མེད་པར་གྱུར་བ་དང་། བཙུན་མ་བསྟན་བཟང་ལགས་རྐྱེན་འདས་སུ་གྱུར་ཐོག་བཙུན་མ་ཁག་གཅིག་ལ་རྨས་སྐྱོན་ཕོག་ཡོད་ཀྱང་རྨས་བཅོས་མ་རག་པ་དང་ལྷག་པར་ད་སྐབས་བཟའ་བཅའ་རྫོགས་ནས་གྲྭ་བཙུན་ཚོར་དཀའ་ངལ་འཕྲད་བཞིན་ཡོད་པ་རེད་འདུག ཞིབ་ཕྲ་འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།

གཞན་སེང་གེ་བྲག་དགོན་པ་དགོན་པ་དང་འབྲེལ་བའི་གནས་ཚུལ་འདི་གའི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ཀྱིས་རྩིབ་རི་ལོ་པཎ་སྤྲུལ་སྐུ་ལ་ཚེས༢༨ཉིན་བཅར་འདྲི་ཕྱོགས་བསྒྲིགས་བྱས་བའི་གནས་ཚུལ་ལ་གསན་རོགས།


བལ་ཡུལ་ས་འགུལ་གྱི་གནོད་འཚེ་ཁྲོད་ཡབ་གཞིས་སམ་གངས་ཅན་བཟོ་གྲ་དང་། བོད་མི་གསར་འབྱོར་བའི་དཀའ་ངལ་སྐོར། བལ་ཡུལ་གྱི་ས་གནས་གསར་འགོད་པ་ཚེ་རིང་དོན་གྲུབ་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎