ཡུལ་ཤུལ་ཁྲི་འདུ་རྫོང་དུ་ས་ཡོམ་བསྟུད་མར་རྒྱབ་འདུག


2018.05.07
ཡུལ་ཤུལ་ཁྲི་འདུ་ཕྱིོགས་ཀྱི་ས་ཁྲ ཡུལ་ཤུལ་ཁྲི་འདུ་ཕྱིོགས་ཀྱི་ས་ཁྲ
RFA

ཡུལ་ཤུལ་ཁྲི་འདུ་རྫོང་དུ་ས་ཡོམ་ཆུང་ངུ་བསྟུད་མར་བརྒྱབ་བཞིན་ཡོད་ནའང་ད་བར་མི་རྒྱུ་གཉིས་ལ་གནོད་འཚེ་ཆེན་པོ་བྱུང་མི་འདུག
དེ་ཡང་ཕྱི་ཟླ་ ༥ ཚེས་༦་ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་༥་དང་སྐར་མ་༢༣་ཙམ་ལ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་དུ་ས་ཡོམ་འགུལ་ཚད་རིམ་པ་ལྔ་ལྷག་ཙམ་ཞིག་རྒྱབ་ཡོད་པ་དང་། དེའི་སྔོན་སྤྱི་ཚེས་༥་ཉིན་གྱི་ནམ་ཕྱེད་ཚོུད་དང་པོ་དང་ཕྱེད་ཀ་ཙམ་ལ་ཡང་ས་ཡོམ་འགུལ་ཚད་རིམ་པ་ལྔ་མིན་ཙམ་ཞིག་རྒྱབ་ཡོད་ཀྱང་ད་བར་མི་རྒྱུ་གཉིས་ལ་གནོད་འཚེ་ཆེན་པོ་གང་ཡང་བྱུང་མི་འདུག ཡིན་ནའང་ས་གནས་ཡུལ་མི་ཚོས་ས་ཡོམས་བསྐྱར་དུ་ཡོང་རྒྱུར་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་པ་རེད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པས་ས་གནས་སུ་ས་ཡོམས་དང་འབྲེལ་བའི་སྐོར་ས་གནས་བོད་མི་ཞིག་ལ་བཅའ་འདྲི་གནང་བའི་སྐབས་ཁོང་གིས་ས་ཡོམས་བསྟུད་མར་རྒྱབ་བཞིན་ཡོད་ཀྱང་ད་བར་རྫོང་ཐོག་ཏུ་ཁང་པ་ལོག་པ་དང་། ཡང་ན་མི་རྒྱུ་གཉིས་ལ་གནོད་འཚེ་ཕོག་པ་སོགས་མཐོང་ཐོས་མ་བྱུང་ཞེས་གསུངས་འདུག
དེ་མིན་ཡང་ཁྲི་འདུ་རྫོང་གི་ཉེ་འཁོར་གྲོང་གསེབ་གི་ཡུལ་མི་ཞིག་གིས་ང་ཚོ་འདིར་ས་ཡོམ་རྒྱབ་པའི་ཚོར་བ་ཤུགས་ཆེན་པོ་བྱུང་། མི་ཚང་ཁག་ཅིག་གི་སྡོད་ཁང་དང་། སྒོ་རར་སེར་ཁ་ཤོར་འདུག་པ་གོ་ཐོས་བྱུང་བ་ལས་གཞན་མི་ལ་གནོད་འཚེ་བྱུང་བ་གོ་ཐོས་མ་བྱུང་ཞེས་གསུངས་འདུག  
རྒྱ་ནག་གཞུང་གི་གསར་ལམ་ཁག་ཏུ་སྤེལ་བའི་ནང་། སྤྱི་ཚེས་༥་ཉིན་གྱི་ས་ཡོམ་དེ་ཆུ་མར་ལེན་རྫོང་ནས་བར་ཐག་སྤྱི་ལེ་༩༠་དང་། ཁྲི་འདུ་རྫོང་ནས་བར་ཐག་སྤྱི་ལེ་༡༤༠། ཡུལ་ཤུལ་གྲོང་ཁྱེར་ནས་བར་ཐག་སྤྱི་ལེ་༡༧༥་ཡོད་པ་དང་། ས་ཡོམ་བརྒྱབ་སའི་ལྟེ་གནས་གཡས་གཡོན་ནས་སྤྱི་ལེ་༥༠་ནང་ཚུད་ཤང་དང་གྲོང་བརྡལ་སོགས་མེད་སྐོར་བརྗོད་འདུག  ཡང་ཕྱི་ཚེས་༦་ཉིན་གྱི་ས་ཡོམ་བརྒྱབ་སའི་ལྟེ་གནས་ནས་སྤྱི་ལེ་༡༠་ནང་ཚུད་དུ་གྲོང་སྡེ་ཡོད་པ་བརྗོད་ཡོད་ནའང་ད་ལྟའི་ཆར་མི་རྒྱུ་གཉིས་ལ་གནོད་འཚེ་ཕོག་པའི་གནས་ཚུལ་ཞིག་ཐོན་མེད་སྐོར་བརྗོད་འདུག།  སྤྱིར་ཡུལ་ཤུལ་སྐྱེ་རྒུ་མདོ་ཁུལ་དུ་དེ་སྔ་སྤྱི་ལོ་༢༠༡༠་ལོའི་ཟླ་༤་པའི་ཚེས་༡༤་ཉིན་ས་ཡོམས་འགུལ་ཚད་རིམ་པ་༦.དང་ཚགས་༩་བརྒྱབས་ཏེ་མི་རྒྱུ་གཉིས་ལ་གོད་ཆགས་ཚབས་ཆེན་ཕོག་པ་ནས་བཟུང་སྐྱེ་རྒུ་མདོ་དང་། ཉེ་འཁོར་གྱི་རྫོང་ཁག་ཅིག་ལ་ས་ཡོམ་ཆུང་ངུ་བསྟུད་མར་བྱུང་དང་འབྱུང་བཞིན་ཡོད་པ་རེད་འདུག

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎