འབར་མའི་ནང་སྲིད་དོན་བཅོས་བསྒྱུར་ལ་བསྔགས་བརྗོད།

ཡོ་རོབ་སྤྱི་མཐུན་གྱིས་འབར་མའི་ཡུལ་ནང་གཞུང་ཕྱོགས་ནས་སྲིད་དོན་གྱི་བཅོས་བསྒྱུར་བྱེད་བཞིན་པ་དེར་བསྔགས་བརྗོད་གནང་ཡོད་པ་རེད་

2011.11.07

༄༅༎ཡོ་རོབ་སྤྱི་མཐུན་གྱི་ཕྱི་འབྲེལ་དཔོན་རིགས་ཤིག་གིས་འབར་མའི་ཡུལ་ནང་གཞུང་ཕྱོགས་ནས་སྲིད་དོན་གྱི་བཅོས་བསྒྱུར་བྱེད་བཞིན་པ་དེར་བསྔགས་བརྗོད་གནང་ཡོད་པ་རེད་ རེས་གཟའ་ཉི་མ་ཉིན་ཡོ་རོབ་སྤྱི་མཐུན་གྱི་ཐའེ་ལེནདྲ་དང་ ཀམ་སྦོ་གྲི་ཡ་ ལའོསེ་དང་འབར་མ་བཅས་པའི་ཡུལ་ཁག་གི་སྐུ་ཚབ་འཐུས་མིའི་འགོ་འཁྲིད་སྐུ་ཞབས་དྲེ་ལྦདྲ་ལིཔ་མེན་ཡིས་འབར་མའི་ཡུལ་ནང་འགྱུར་བ་ངེས་ཅན་ཞིག་ཐེབས་ཀྱི་ཡོད་པ་རེད་ཅེས་གསུང་འདུག ཁོང་གིས་ཡོ་རོབ་སྤྱི་མཐུན་ངོས་ནས་དེར་རྒྱབ་བསྐྱོར་བྱེད་ཐུབ་པའི་རེ་བ་དང་བཅོས་བསྒྱུར་དེ་ལམ་ལྷོང་ཡོང་རྒྱུར་སེམས་ཤུགས་སྤར་གྱི་ཡིན་ཞེས་གསུང་འདུག
སྐུ་ཞབས་ལིཔ་མེན་འབར་མའི་ནང་ཡོ་རོབ་སྤྱི་མཐུན་གྱིས་དཔལ་འབྱོར་བཅོས་བསྒྱུར་དང་དབུལ་ཕོངས་ངལ་སེལ་ཐོག་ཉིན་ ༢ རིང་གི་སྦྱོང་བདར་ཞིག་ལ་ཕེབས་ཡོད་པ་རེད་ རེས་གཟའ་ཟླ་བའི་ཡོ་རོབ་སྤྱི་མཐུན་གྱི་གཟབ་སྦྱོང་དེར་འབར་མའི་དམངས་གཙོའི་དབུ་འཁྲིད་ལྕམ་ཨན་སན་སུ་ཆི་མཆོག་ཕེབས་ཡོད་པ་དང་ཉེ་བའི་ཆར་འབར་མའི་གཞུང་ཕྱོགས་ནས་ཁོང་དང་འབྲེལ་ལམ་གནང་འགོ་འཚུགས་ཡོད་པ་རེད་            ཡང་རེས་གཟའ་པ་སངས་ཉིན་འབར་མའི་སྲིད་འཛིན་མཆོག་གིས་ཡུལ་གྱི་ཁྲིམས་གཞིར་བསྒྱུར་བཅོས་གཏོང་གནང་ཆོག་པའི་ཆོག་མཆན་གནང་ནས་དམངས་གཙོའི་དབུ་འཁྲིད་ལྕམ་ཨན་སན་སུ་ཆི་མཆོག་གི་དམངས་གཙོ་མནའ་འབྲེལ་ཚོགས་པ་ཡུལ་གྱི་སྲིད་དོན་ནང་བསྐྱར་ཞུགས་སྲིད་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད་ ཡང་ཡུལ་གྱི་དངུལ་གྱི་འཛའ་ཐང་ཐོག་བཅོས་བསྒྱུར་གཏོང་རྒྱུར་འཛམ་གླིང་མ་དངུལ་ཚོགས་པའི་སྐུ་ཚབ་ཁག་ཅིག་ཀྱང་ཡུལ་ནང་གདན་ཞུ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎