མདོ་སྨད་གསེར་གྱི་གཟེངས་རྟཊ་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཕུལ་བ།


2016.04.19
མདོ་སྨད་མི་མང་གི་གསེར་གྱི་གཟེངས་རྟགས་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཕུལ་སྐབས། ༢༠༡༦།༤།༡༦ མདོ་སྨད་མི་མང་གི་གསེར་གྱི་གཟེངས་རྟགས་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཕུལ་སྐབས། ༢༠༡༦།༤།༡༦
རབ་སྒང་ཚེ་རིང་ཕུན་ཚོགས།

ད་རེས་ཉེ་ཆར་སྤྱི་ཟླ་༤་ཚེས་༡༦་ཉིན་སུད་སི་ཁུལ་དུ་རྟེན་གཞི་བྱེད་པའི་བོད་མི་ཚོས་མང་མོས་ཀྱི་འོས་བསྡུའི་ཐོག་ནས། མདོ་སྨད་མི་མང་གི་གསེར་གྱི་གཟེངས་རྟགས་དེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཕུལ་ཡོད་པ་རེད། གཟེངས་རྟགས་ཀྱི་ཕུལ་བའི་མཛད་སྒོ་ཞིག་ཀྱང་གོང་ཚེས་ཉིན་གྱི་ཕྱི་དྲོར་སུད་སིའི་རི་ཁོན་ཚོགས་ཁང་དུ། སུད་སི་མདོ་སྨད་མི་མང་གི་གོ་བསྒྲིགས་འོག་མདོ་སྨད་མི་མང་གསེར་གྱི་གཟེངས་རྟགས་ཕུལ་བའི་མཛད་སྒོ་ཟབ་རྒྱས་ཤིག་ཚོགས་ཤིང་། མཛད་སྒོ་དེའི་སར་རི་ཁོན་མཁན་རིན་པོ་ཆེ་གཙོས་པའི་དགེ་འདུན་རྣམ་པ་དང་། ཡོ་རོབ་སྤྱི་ཟུར་གཙོས་པའི་ཆོལ་གསུམ་བོད་མི་མང་པོ་མཉམ་འཛོམས་ཀྱི་ཐོག་ནས་མཛད་སྒོ་དེ་གནང་ཡོད་པ་རེད།
མདོ་སྨད་མི་མང་གི་གསེར་གྱི་གཟེངས་རྟགས་དེ་ནི་ལོ་གསུམ་རེའི་མཚམས་སུ་ཐེངས་རེར་འབུལ་སྲོལ་ཡོད་ཅིང་། དེ་ནི་ཕྱི་ལོ་༢༠༡༣་ལོར་ཐེངས་དང་པོའི་གཟེངས་རྟགས་དེ་བཀའ་བློན་ཁྲི་ཟུར་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་ཕུལ་ཡོད་ཡོད་པ་རེད།
ད་ལོའི་གཟེངས་རྟགས་འབུལ་སྲོལ་དེ་མང་གཙོའི་ལམ་སྲོལ་ལྟ་བུ་འོས་མི་གསུམ་ཡོད་པ་དང་། མཁས་དབང་ཟམ་གདོང་རིན་པོ་ཆེ་དང་། སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག བདེ་སྲུང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་བཅས་ཡོད་པའི་ནང་ཚན། ད་ལོའི་གཟེངས་རྟགས་ཕུལ་སྟངས་དེ་སྔོན་དང་མི་འདྲ་བར་ཆོལ་གསུམ་མི་མང་གིས་མང་མོས་འོས་བསྡུ་བྱས་ནས་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་འདེམས་ཐོན་བྱུང་ནས་ཕུལ་ཡོད་པ་རེད།
རི་ཁོན་མཁན་རིན་པོ་ཆེ་མཆོག་གིས་གཟེངས་རྟགས་དེ་ཚོགས་གཙོ་དབང་རྒྱལ་ལགས་བརྒྱུད་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་མཚན་ཐོག་ལ་འབུལ་བཞེས་གནང་ཡོད་པ་རེད།        
མདོ་སྨད་མི་མང་གིས་དེ་འདྲའི་གཟེངས་རྟགས་ཤིག་ཕུལ་དགོས་པའི་དམིགས་ཡུལ་སྐོར། ཚོགས་གཙོ་དབང་རྒྱལ་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་པར། བོད་མི་རིགས་ཀྱི་གནས་བབ་ཛ་དྲག་གི་སྐབས་སུ་རང་ཉིད་ཀྱི་མི་ཚེ་ཧྲིལ་པོ་བོད་མི་རིགས་ལ་ཕུལ་བའི་མཛད་རྗེས་རླབས་ཆེན་འཇོག་མཁན་མི་སྣ་དག་ལ་བཀའ་དྲིན་རྗེས་དྲན་དང་། བོད་མིའི་གཅིག་སྒྲིལ་གྱི་ངོ་བོ་མཚོན་ཆེད་དུ་ཕུལ་བ་ཡིན་ཞེས་གསུངས་པ་དང། དེ་བཞིན་དེ་ཉིན་ཆོལ་གསུམ་གྱི་ཚབ་མཚོན་པའི་གཞས་པ་དག་གིས་གཞས་སྣ་འཁྲབ་སྟོན་དང་བཅས་མཛད་སྒོ་དེ་ལེགས་པར་མཇུག་སྒྲིལ་གནང་ཡོད་པ་རེད།

གསར་འགོད་པ་ཕྲེང་རིང་བསྟན་ནོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎