རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་མཆོག་གི་སྐུ་གདུང་ལ་མཇལ་ཁ་བཏང་འདུག


2018.11.27
སྔ་འགྱུར་རྙིང་མའི་དབུ་འཛིན་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག སྔ་འགྱུར་རྙིང་མའི་དབུ་འཛིན་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག
Kathok Getse Rinpoche/fB

རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་མཆོག་གི་སྐུ་གདུང་ལ་རེས་གཟའ་མིག་དམར་ཉིན་དད་ལྡན་མང་ཚོགས་ལ་མཇལ་ཁ་བཏང་ཡོད་པ་རེད།
འདི་ཟླའི་ཕྱི་ཚེས་༡༩་ཉིན་དགོངས་པ་རྫོགས་པའི་སྔ་འགྱུར་རྙིང་མིའི་དབུ་འཛིན་ཁྲི་རབས་བདུན་པ་ཀ་ཐོག་དགེ་རྩེ་རིན་པོ་ཆེ་མཆོག་གི་སྐུ་གདུང་ལ་ཕྱི་ཚེས་༢༧་ཉིན་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་བའི་སྐབས་དང་བསྟུན་ནས་བལ་ཡུལ་སྔ་འགྱུར་ཀཿཐོག་ཨ་འཛོམ་དགོན་འདུས་སྤྱི་དང་།   བལ་ཡུལ་ཀཿཐོག་གཞི་ཆེན་བཻ་རོ་གླིང་དགོན། འདས་མཆོད་གོ་སྒྲིག་ཚོགས་ཆུང་དང་། མགོ་ལོག་ཐེབས་རྩ་ཁང་བཅས་སོགས་ལས་གནས་འགན་ཁུར་བ་རྒན་ནོར་བུ་བཀྲ་ཤིས་ལགས་ཀྱིས། གཙོ་བོ་དེ་རིང་ནས་བཟུང་སྐུ་གདུང་མཇལ་ཁ་བཏང་ཡོད་པ་དང་།  གཙོ་བོ་སྐྱབས་རྗེ་ཞིང་གཤེགས་དམ་པ་ཁོང་གིས་དངོས་སློབ་དང་། དད་ལྡན་མང་ཚོགས་ལ་གདུང་མཇལ་མགོ་བཙུགས་ཞུས་པ་ཡིན་ཞིང་། འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་ནས་ཆེད་དུ་འདིར་མཇལ་ཁ་ཞུ་བར་སླེབས་ཡོད་ཅེས་གསུང་འདུག   ཡང་ཁོང་གིས་བོད་ནང་གི་རྒྱལ་བ་ཀ་ཐོག་དགོན་པའི་བླ་སྤྲུལ་དང་དགེ་བསྐོས་བཅས་ཁྱོན་ལས་གནས་འགན་ཁུར་བ་བླ་སྤྲུལ་༡༡་བོད་ནས་འདིར་ཆེད་དུ་ཕེབས་ཡོད།   ཁོང་རྣམས་ཉིན་ཤས་མ་གཏོགས་དུས་ཡུན་རིང་པོ་བཞུགས་ཐུབ་གི་མེད་པ་རེད་ཞེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།    དེ་བཞིན་སྔ་འགྱུར་རྙིང་མ་བའི་བླ་སྤྲུལ་ཡང་མང་པོ་ཞིག་ཕེབས་ཡོད་པ་དང་། ད་དུང་མུ་མཐུད་ཕེབས་བཞིན་ཡོད་པས་ཐུགས་སྨོན་སྐྱབས་འཇུག་དང་། བསྔོ་བ་སྨོན་ལམ་ཡང་སྤྲུལ་མྱུར་འབྱོན་གྱི་གསོལ་འདེབས་གང་ལེགས་སྒྲུབ་ཡོད་པ་དང་། དམིགས་བསལ་སིང་གར་ཕོར་དང་།  མ་ལའི་ཤི་ཡའི་ནས་རྒྱ་རིགས་དད་ལྡན་པ་མང་པོ་ཞིག་སྐུ་གདུང་མཇལ་བར་ཕེབས་ཡོད་པ་རེད།   སྔ་འགྱུར་རྙིང་མིའི་དབུ་འཛིན་ཁྲི་རབས་བདུན་པ་ཀ་ཐོག་དགེ་རྩེ་རིན་པོ་ཆེ་མཆོག་ཟླ་བ་དེའི་ཕྱི་ཚེས་༡༩་ཉིན་བལ་ཡུལ་ཡང་ལེ་ཤོད་དུ་དགོང་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བའི་རྗེས་སུ་ཉིན་གསུམ་རིང་གསང་རྒྱ་དམ་པོ་གནང་བའི་རྗེས་འབྲེལ་ཡོད་དགོན་པ་ནས་གནས་ཚུལ་གསལ་སྒྲགས་གནང་བ་དང་།   དེ་བཞིན་རིས་མེད་ཆོས་རྒྱུད་ཁག་གི་བླ་སྤྲུལ་རྣམ་པའི་ངོས་ནས་སླར་ཡང་བསྟན་འགྲོའི་དོན་དུ་སྐྱབས་རྗེ་དམ་པ་གང་ཉིད་ཀྱི་ཡང་སྤྲུལ་འཁྲུལ་བྲལ་མྱུར་དུ་བྱོན་པའི་ཐུགས་སྨོན་སྐྱབས་འཇུག་སོགས་གནང་ཡོད་རེད།

གསར་འགོད་པ་ཀུན་བཟང་བསྟན་འཛིན་དང་། དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎