ཕྱི་དྲིལ་བཀའ་བློན་ཊོ་རོན་ཊོར་ཕེབས།
2013.05.14

༄༅༎ཕྱི་ཟླ་༥ཚེས་༡༡རེས་གཟའ་སྤེན་པའི་ཉིན་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ཁེ་ན་ཌེའི་ Ontario མངའ་སྡེའི་ནང་གི་བོད་རིགས་སྤྱི་མཐུན་ཚོགས་པའི་ཞལ་འདེབས་བསྡུ་རུབ་ཀྱི་ལས་གཞི་དང་འབྲེལ་བའི་མཛད་སྒོའི་ཐོག་ཕེབས་གནང་ཡོད་པ་དང་སྐབས་དེར་སྐུ་མགྲོན་གཙོ་བོར་ཁེ་ན་ཌའི་མི་སེར་དང་ཕྱི་མི་གནས་སྤོ། དེ་བཞིན་རྣམ་གྲངས་ལྡན་པའི་ཁེ་ན་ཌའི་མི་རིགས་ཀྱི་རིག་གཞུང་གཅེས་སྐྱོང་བློན་ཆེན་སྐུ་ཞབས་ Jason Kenney མཆོག་ཕེབས་ཡོད་པ་རེད། སྐུ་ཞབས་ Jason Kenney མཆོག་གིས་གཙོས་པའི་མཛད་སྒོ་དེར་བཅར་བའི་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་རྣམས་ལ་ཕྱི་དྲིལ་བཀའ་བློན་མཆོག་གིས་མཇལ་འཕྲད་གནང་བ་མ་ཟད།བོད་ཀྱི་གནད་དོན་ཐོག་ལ་ཕན་ཚུན་གོ་བསྡུར་སྦྱང་བཤད་གནང་འདུག།