བོད་ཀྱི་དཔེ་མཛོད་ཁང་གིས་ཆབ་སྲིད་བཙོན་ཟུར་ཞིག་གི་དངོས་མྱོང་ལོ་རྒྱུས་ཀྱི་དེབ་ཅིག་དང་བཅས་དེབ་ལྔ་དབུ་འབྱེད་གནང་།

2023.02.08
བོད་ཀྱི་དཔེ་མཛོད་ཁང་གིས་ཆབ་སྲིད་བཙོན་ཟུར་ཞིག་གི་དངོས་མྱོང་ལོ་རྒྱུས་ཀྱི་དེབ་ཅིག་དང་བཅས་དེབ་ལྔ་དབུ་འབྱེད་གནང་། བོད་ཀྱི་དཔེ་མཛོད་ཁང་གིས་ཆབ་སྲིད་བཙོན་ཟུར་ཞིག་གི་དངོས་མྱོང་ལོ་རྒྱུས་ཀྱི་དེབ་ཅིག་དང་བཅས་དེབ་ལྔ་དབུ་འབྱེད་གནང་། ༠༢།༠༨།༢༠༢༣
RFA / Dhasa

བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱི་དངོས་མྱོང་ལོ་རྒྱུས་དང་། བོད་དོན་འཐབ་རྩོད་ཀྱི་བརྒྱུད་རིམ་འཁོད་པའི་དེབ་བདེན་རྒྱབ་འཚོལ་བའི་འབོད་སྒྲ་ཟེར་བའི་དེབ་ཅིག་དང་། གཞན་རྩོམ་པ་པོ་འོད་ཟེར་ལགས་སོགས་ཀྱིས་བརྩམས་པའི་དཔེ་དེབ་ལྔ་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་ནས་པར་བསྐྲུན་གྱིས་སྤྱི་ཟླ་༢པའི་ཚེས་༨ཉིན་འགྲེམས་སྤེལ་གནང་ཡོད་ཅིང་། ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱི་དེབ་དེའི་ནང་། གཙོ་ཆེར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་རགས་རིམ་ནས་༧གོང་ས་བཅུ་བཞི་བ་ཆེན་པོའི་བར་དང་། རྒྱ་ནག་དམར་པོས་བོད་ས་སྤྱི་དང་ཁྱད་པར་རང་གི་ཕ་ཡུལ་དུ་བཙན་འཛུལ་གྱི་རིམ་པ། དེ་བཞིན་ཁོ་རང་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཆོས་ཞུགས་སྐབས་ཀྱི་མཐོང་ཐོས་གནས་ཚུལ་དང་། སོ་སོས་རིམ་པས་བོད་དོན་ལས་འགུལ་དངོས་སུ་བརྩམས་པ་དང་བཙོན་ཁང་དུ་ཚུད་པ། རིམ་པས་ཕྱི་རྒྱལ་དུ་ཡོང་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བ་སོགས། དོན་ཚན་བཞི་བྱས་ནས་བྲིས་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

book launch event. (1).jpg
བོད་ཀྱི་དཔེ་མཛོད་དུ་དཔེ་དེབ་དབུ་འབྱེད་སྐབས། ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་དྲྭ་ལམ་བརྒྱུད་མཉམ་ཞུགས་བྱས་ནས་དེབ་དེ་ནི། གཙོ་བོ་བོད་རྒྱལ་ཁབ་དང་མི་རིགས་དཀའ་སྡུག་གཉན་འཕྲང་གི་སྐབས་སུ། ང་ཚོ་མི་རབས་བར་མ་འདིས་ལོ་རྒྱུས་དང་འཐབ་རྩོད་རྒྱུན་སྐྱོང་དང་། མི་རབས་རྗེས་མ་ཚོར་བརྒྱུད་སྤྲོད་ཀྱི་ཆེད་དུ་བྲིས་པ་ཡིན་ཅེས་དང་། ཁོང་གིས་དེ་སྔ་བོད་དོན་ལས་འགུལ་རབ་དང་རིམ་པ་མང་པོ་སྤེལ་ཏེ་འཛིན་བཟུང་ཐེངས་མང་བྱས་པ་སྤྱི་དང་། ཁྱད་པར་སྤྱི་ལོ་༢༠༠༧ལོར་དོན་འགྲུབ་དབང་ཆེན་དང་ངོ་ཤེས་ཆགས་ཏེ་འཇིགས་བྲལ་གློག་བརྙན་མཉམ་འབྲེལ་ཕབ་སྐྲུན་གནང་བའི་ཐོག སྤྱི་ལོ་༢༠༠༨ལོ་ནས་བླ་བྲང་དགོན་པར་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་ཤུགས་ཆེ་བྱུང་བའི་ནང་མཉམ་ཞུགས་ཀྱིས་བཙོན་དུ་ཚུད་པ་དང་། སྐབས་དེའི་མནར་གཅོད་ཀྱི་བརྒྱུད་རིམ་སོགས་ཞིབ་ཕྲ་འཁོད་པའང་འགྲེལ་བརྗོད་གནང་གི་འདུག
ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་བཙན་བྱོལ་དུ་ཡོང་བའི་ལམ་ཁ་དེ། ཕྱིས་སུ་བོད་ནས་བཙན་བྱོལ་དུ་ཕེབས་མཁན་ཚོར་ཕན་པའི་ཆེད་དུ་སྐབས་ཤིག་རིང་ཡོངས་གྲགས་རྩ་བ་ནས་བཟོས་མེད་ནའང་། ད་ལྟ་ལམ་ཁ་དེ་རྒྱ་ནག་གཞུང་གིས་ཡོངས་སུ་བཀག་སྡོམ་བྱས་པར་བརྟེན། ལམ་ཁ་དེ་གསལ་བོ་དེབ་འདིའི་ནང་འཁོད་ཡོད་ཅེས་ཀྱང་འགྲེལ་བརྗོད་གནང་གི་འདུག
མགོ་ལོག་འཇིགས་མེད་ལགས་ནི། གསེར་རྟ་རྫོང་གི་ཏོག་ཚ་སྡེ་བ་ནས་སྐྱེས་ཏེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཆོས་ཞུགས་སློབ་གཉེར་གནང་མྱོང་ཡོད་པ་དང་། སྤྱི་ལོ་༢༠༡༤ལོར་བཙན་བྱོལ་དུ་འབྱོར་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུ་བའི་སྐབས་སུ་རང་གི་མི་ཚེའི་ལོ་རྒྱུས་བྲིས་ན་ཡག་པོ་ཡོད་པའི་བཀའ་སྩལ་བ་མ་ཟད། མཇལ་ཁ་ཕྱི་མ་གཅིག་གི་སྐབས་ཡང་བསྐྱར་བཀའ་འདྲི་ཕེབས་པ་བཅས་ལ་བརྟེན་ནས་བྲིས་པ་ཞིག་ཡིན་པའི་མུར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་མཐུན་རྐྱེན་སྦྱར་ཏེ་པར་བསྐྲུན་གནང་ཡོད་པ་རེད་འདུག


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎