སྤྱི་འཐུས་ཚོགས་གཞོན་མཆོག་ལྡི་ལིར་ཕྱོགས་ཕེབས་གནང་འདུག


2016.08.17
སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་མངའ་རིས་སྤྱི་མཐུན་ཚོགས་པའི་མཛད་སྒོའི་སྐབས། ༢༠༡༦།༨།༡༣ སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་མངའ་རིས་སྤྱི་མཐུན་ཚོགས་པའི་མཛད་སྒོའི་སྐབས། ༢༠༡༦།༨།༡༣
tibet.net

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ལྡི་ལིར་ཕྱོགས་ཕེབས་ཀྱིས་རཀཤྰན་བྷན་དན་ཞེས་པའི་དུས་སྟོན་མཛད་སྒོར་ཞུགས་གནང་འདུག།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་༢༠༡༦་ཟླ་༨་ཚེས་༡༦་ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྡ་ས་ནས་ཕེབས་ཐོན་གྱིས། ཚེས་༡༧་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་ Talkatora Stadium་ཞེས་པའི་རྩེད་རར་ཚོགས་པའི་འཛམ་གླིང་རཀཤཱ་བྷན་དན་World Rakshabandhan day་ཞེས་པའི་འགྲོ་བ་མིའི་བཟང་པོའི་རིན་ཐང་དང་འབྲེལ་བའི་དུས་སྟོན་མཛད་སྒོར་ཕེབས་ནས་ཆེ་བསྟོད་སྐུ་མགྲོན་གྱི་ངོ་བོར་མཉམ་ཞུགས་ཀྱིས་གསུང་བཤད་གནང་ཡོད་པ་དང་། དུས་སྟོན་འདི་བཞིན་རྒྱལ་སྤྱིའི་རཀ་ཤཱ་བྷན་དན་སྲུང་བརྩི་ཚོགས་ཆུང་གིས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། ཚོགས་ཆུང་དེའི་ནང་སྤྱི་ཚོགས་དང་རིག་གཞུང་འདྲ་མིན་གྱི་སྒྲིག་འཛུགས་ཁག་༢༥་ཡོད་འདུག
ཐེངས་འདིའི་དུས་སྟོན་གྱི་བརྗོད་གཞི་ནི་འཛམ་གླིང་ཞི་བདེ་དང་འཆམ་མཐུན་ཞེས་པ་ཡིན་འདུག
དུས་སྟོན་སྲུང་བརྩིའི་མཛད་སྒོར་རྒྱ་གར་གྱི་བློན་ཆེན་ལྔ་དང་། རྒྱ་གར་དང་རྒྱལ་ཁབ་གཞན་ཁག་གི་སྒྲིག་འཛུགས་༡༠༠་ལྷག་ཙམ་མཉམ་ཞུགས་གནང་ཡོད་འདུག
ཟླ་༨་ཚེས་༡༣་ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་ མངའ་རིས་སྤྱི་མཐུན་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་༢༣་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་ཕེབས་ནས་གཏམ་བཤད་གནང་ཡོད་པ་དང་། ཁོང་གིས་མངའ་རིས་སྤྱི་མཐུན་ཚོགས་པས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་བོད་ཀྱི་འཐབ་རྩོད་ཐོག་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་ཞུ་རྒྱུ་ཡིན་ཞེས་དམ་བཅའ་བཞག་པ་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

གསར་འགོད་པ་འཇམ་དཔལ་ཕུན་ཚོགས་དང་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎