བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཨ་མི་རི་ཀར་ཕེབས་རྒྱུ་རེད།
2017.12.04
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕྱི་ཟླ་ ༡༢ ་ཚེས་ ༥ ་ནས་ ༡༧ ་བར་ཨ་རིའི་རྒྱལ་ས་གཙོས་གྲོང་ཁྱེར་ཁག་ཅིག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན་ལྟར་ན། ཚོགས་གཙོ་མཆོག་ཟླ་འདིའི་ཕྱི་ཚེས་༥་ཉིན་ལྡི་ལི་ནས་ཨ་རིའི་གྲོང་ཁྱེར་Los Angeles ་ཕེབས་འཆར་ཡོད་ཅིང་། ཕྱི་ཚེས་ ༦ ་ཉིན་ས་གནས་སུ་ལས་འཆར་ཁག་ཅིག་ཡོད་པ་དང་། ཕྱི་ཚེས་ ༧ ་ཉིན་ནིའུ་ཡོར་གྲོང་ཁྱེར་ཏུ་ཕེབས་འབྱོར་གྱིས་ཕྱི་ཚེས་༨ ་ནས་༡༠ ་བར་ས་གནས་སུ་ལས་འཆར་སྒྲུབ་གནང་རྒྱུ་དང། ཕྱི་ཚེས་༡༠་ཉིན་བོད་དོན་གདུང་སེམས་མཉམ་སྐྱེའི་ལས་འགུལ་ཐོག་མཉམ་ཞུགས་ཀྱིས་གསུང་བཤད་གནང་འཆར་ཡོད་འདུག
དེ་ནས་ཕྱི་ཚེས་ ༡༡ ་ཉིན་རྒྱལ་ས་ཝ་ཤིན་ཀྲོན་(Washington)་དུ་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༡༢ ་ནས་ ༡༤ ་བར་རྒྱལ་ས་རུ་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་སོཊ་ཀྱི་ལས་འཆར་ཡོད་འདུག
ཕྱི་ཚེས་ ༡༥ ་ཉིན་སན་ཧྥ་རན་སེ་སི་ཀོ་ San Francisco་གྲོང་ཁྱེར་དུ་ཕེབས་ནས་་ཕྱི་ཚེས་༡༦་བར་ས་གནས་དེར་ལས་འཆར་ཁག་ཅིག་ཡོད་འདུག་ལ། ཕྱི་ཚེས་ ༡༧ ་ཉིན་ཡུ་ཊ་མངའ་སྡེའི་རྒྱལ་ས་ Salt Lake་གྲོང་ཁྱེར་དུ་ཕེབས་རྒྱུ་དང་། ཕྱི་ཚེས་ ༡༨ ་ཉིན་ཕྱིར་རྒྱ་གར་དུ་ཕེབས་འཆར་ཡོད་འདུག
གསར་འགོད་པ་རྡོ་རྗེ་མཚོ།