༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོཊ་ཀྱི་ཚོཊ་གཙོ་པེ་ལོ་སི་མཆོག་ལ་འཚམས་འདྲི་མཛད།


2019.01.04
༧གོང་ས་མཆོག་དང་ལྕམ་(Nancy Pelosi)མཆོག་རྣམ་གཉིས་མཇལ་འཕྲད་སྐབས། ༢༠༡༧།༥།༩ ༧གོང་ས་མཆོག་དང་ལྕམ་(Nancy Pelosi)མཆོག་རྣམ་གཉིས་མཇལ་འཕྲད་སྐབས། ༢༠༡༧།༥།༩
OHHDL

༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུཊ་ཀྱིས་ལྕམ་ནེན་སི་པེ་ལོ་སི་མཆོག་ཨ་རིའི་གྲོས་ཚོཊ་འོག་མའི་ཚོཊ་གཙོར་བསྐྱར་འདེམས་བྱུང་བར་དགའ་བསུའི་འཚམས་འདྲི་གནང་འདུག
དེ་ཡང་ཕྱི་ཟླ་ ༡ ཚེས་ ༣ ཉིན་ཨ་རིའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་(Nancy Pelosi)མཆོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བསྐྱར་འདེམས་བྱུང་བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་བསུའི་འཚམས་འདྲི་གནང་འདུག་ལ་འཚམས་འཕྲིན་གྱི་ནང་། ཨ་རི་ནི་རང་དབང་ལྡན་པའི་འཛམ་གླིང་གི་སྣེ་འཁྲིད་རྒྱལ་ཁབ་ཅིག་ཡིན་པ་དང་། ལྕམ་ནེན་སི་པེ་ལོ་སི་མཆོག་གིས་ཚོགས་གཙོའི་ཐུགས་འགན་བཞེས་པའི་རིང་གཉེན་འཕྲང་ཅན་གྱི་དུས་སྐབས་འདིར་སྣེ་འཁྲིད་གནང་རྒྱུར་ཡིད་ཆེས་དང་གདེང་སྤོབས་ཡོད་ཅིང་། ཁོང་གིས་འདས་པའི་ལོ་ངོ་མང་པོའི་རིང་ཞལ་ཞེ་གཉིས་མེད་ཀྱི་ཐོག་ནས་བོད་དོན་ཆེད་སྐུ་ངལ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་འདུག  དེ་བཞིན་གསུང་འཕྲིན་ནང་ད་དུང་། ལྕམ་ནེན་སི་པེ་ལོ་སི་མཆོག་གིས་བོད་ཀྱི་གཉེན་འཕྲང་གི་དུས་སུ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་གནང་བ་དེས། བོད་མི་རྣམས་ལ་དྲང་བདེན་དང་རང་དབང་འཐབ་རྩོད་ཀྱི་ཕྱོགས་ལ་རེ་བ་དང་། སེམས་འགུལ་ཐེབས་ཡོད་ཅིང་།   ལྷག་པར་དུ་བོད་ནང་གི་བོད་མི་རྣམས་མུ་མཐུད་དཀའ་སྡུག་གི་བརྒྱུད་རིམ་ནང་ལྷུང་བཞིན་ཡོད་པ་ལྟར། འཛམ་གླིང་གི་ཡུལ་གྲུ་གང་ས་ལའང་ངེས་གཏན་མེད་པའི་ནས་ཚུལ་མི་ཉུང་བ་ཞིག་ལ་འཕྲད་བཞིན་ཡོད་ཀྱང་། མཐའ་མཇུག་ཏུ་འཛམ་གླིང་འདིར་བདེན་པ་དང་། དྲང་བདེན། མིའི་རིགས་ཀྱི་ཡང་དག་པའི་བཟང་སྤྱོད་ཀྱི་ལྟ་བ་ཁྱབ་ངེས་ཡིན་པར་ཡིད་ཆེས་མཛད་ཀྱི་ཡོད་པའི་སྐོར་བཀའ་སྩལ་ཡོད་འདུག ལྕམ་(Nancy Pelosi) མཆོག་ཨ་རིའི་གྲོས་ཚོགས་འོག་མིའི་ཚོགས་གཙོར་སླར་ཡང་འདེམས་ཐོན་བྱུང་ནས་ཁོང་ཨ་མི་རི་ཀའི་ཆབ་སྲིད་ཀྱི་སྡིངས་ཆའི་སྟེང་གི་བུད་མེད་དབང་ཤུགས་ཆེ་ཤོས་དེ་ཆགས་ཡོད་པ་མ་ཟད་།   ད་རེས་ཀྱི་བར་མའི་འོས་བསྡུའི་རྗེས་ཨ་རིའི་གྲོས་ཚོགས་འོག་མའི་ནང་བེུད་འཐུས་མིའི་གྲངས་ཚད་དེ་༡༠༢ལ་སླེབས་ནས་ལོ་རྒྱུས་ཐོག་གྲོས་ཚོགས་ནང་བེུད་ཀྱི་འཐུས་མི་མང་ཤོས་དེ་ཆགས་ཡོད་པ་རེད།
དེ་བཞིན་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་སླར་ཡང་བདམས་ཐོན་བྱུང་མར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཀྱང་འཚམས་འདྲི་གནང་ཞིང་། སྲིད་སྐྱོང་མཆོག་གིས། “སྐུ་ཉིད་སླར་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བར་ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུ་རྒྱུ་དང་། སྐུ་ཉིད་ཚོགས་གཙོར་བདམས་པ་དེས་དབུ་ཁྲིད་ཀྱི་འཇོན་ཐང་དང་ཆོད་སེམས། ཨ་རིའི་རྒྱལ་ཁབ་ཀྱི་གཞི་རྩའི་ལྟ་གྲུབ་དེ་དག་སྲུང་སྐྱོབ་གནང་མཁན་ཞིག་ཡིན་པ་གསལ་འདོན་གནང་ཡོད"ཅེས་སོགས་གསུངས་ཡོད།  ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཀྱང་དགའ་བསུའི་འཚམས་འདྲི་གནང་ཡོད་པ་རེད།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎