༧གོང་ས་མཆོག་གིས་(Omar Abdullah)་ལགས་སུ་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འཕྲིན་བསྩལ་འདུག

2024.10.16
༧གོང་ས་མཆོག་གིས་(Omar Abdullah)་ལགས་སུ་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འཕྲིན་བསྩལ་འདུག སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སྐུ་ཞབས་(Omar Abdullah)་ལགས་རྣམ་གཉིས། ༠༧།༡༢།༢༠༡༢
OHHDL

འདི་ཚེས་༡༦ཉིན་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། སྐུ་ཞབས་(Omar Abdullah)་ལགས་ཀྱིས་དབུ་ཁྲིད་པའི་ཆབ་སྲིད་ཚོགས་པར་རྒྱ་གར་གྱི་ཇམ་མུ་དང་ཀཱཤ་མིར་(Jammu & Kashmir)་མངའ་ཁུལ་ནང་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པ་དང་། ཁོང་ཇམ་མུ་དང་ཀཱཤ་མིར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་འོས་འདེམས་བྱུང་བར་འཚམས་འཕྲིན་བསྩལ་གནང་འདུག
འཚམས་འཕྲིན་ནང་། ༧གོང་ས་མཆོག་གིས་ངོས་རང་ཁྱེད་ཚོའི་མི་རབས་གསུམ་དང་ངོ་ཤེས་ཆགས་པ་དེ་ནི་སྤོབས་པ་ཆེན་པོ་ཞིག་ཡིན་ལ་ཁྱེད་ཀྱི་སྤོ་ལགས་ཏེ་སྐུ་ཞབས་(Sheikh Abdullah)་ནས་ཁྱེད་རང་བར་མི་རབས་གསུམ་དང་འབྲེལ་འདྲིས་བཟང་པོ་བྱུང་ཡོད་ལ་ང་རང་གིས་ང་ཚོའི་བར་གྱི་མཛའ་བརྩེ་དེ་རྩ་ཆེན་པོ་ཞིག་ཏུ་བརྩི་བཞིན་ཡོད། ཅེས་དང་། ད་དུང་༧གོང་ས་མཆོག་གི་འཚམས་འཕྲིན་ནང་། ངོས་རང་གིས་ཁྱེད་ཀྱིས་མ་འོངས་ལས་དོན་ཐད་ལ་དཀའ་ངལ་ཅི་འདྲ་ཞིག་འཕྲད་པ་ཡིན་ན་ཡང༌། དེ་ལ་གདོང་ལེན་བྱས་ནས་བྱ་བ་ལེགས་འགྲུབ་ཡོང་བ་མ་ཟད། གོ་སྐབས་བཟང་པོ་དམ་འཛིན་བྱས་ནས་ཇམ་མུ་དང་ཀཱཤ་མིར་ས་ཁུལ་གྱི་མི་དམངས་ཚོའི་རེ་འདུན་ལམ་ལྷོང་ཡོང་བའི་སྨོན་ལམ་ཡོད་ཅེས་འཚམས་འཕྲིན་ནང་བཀོད་གནང་འདུག


གསར་འགོད་པ། སྐལ་བཟང་སྒྲོལ་མ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎