སྤྱི་ནོར་༧གོང་ས་མཆོག་གིས་ཧྥིན་ལན་ཌའི་བདམས་ཐོན་སྲིད་འཛིན་ལ་འཚམས་འཕྲིན་བསྩལ་འདུག

2024.02.13
སྤྱི་ནོར་༧གོང་ས་མཆོག་གིས་ཧྥིན་ལན་ཌའི་བདམས་ཐོན་སྲིད་འཛིན་ལ་འཚམས་འཕྲིན་བསྩལ་འདུག བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་དང་གསར་དུ་འདེམས་ཐོན་བྱུང་བའི་ཧྥིན་ལན་ཌའི་སྲིད་འཛིན་(Alexander Stubb)ལགས། ༼པར་སྒྲིག་བཟོ།
སྒྲིག་བཟོ། ཀླུ་འབུམ། /RFA/FinEmbSin

འདི་ཚེས་༡༣ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཧྥིན་ལན་ཌའི་(Finland)་བདམས་ཐོན་སྲིད་འཛིན་(Alexander Stubb)་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག་པའི་ནང་། འདས་པའི་ལོ་དུས་ནང་ཡིད་འོང་མཛེས་སྡུག་ལྡན་པའི་ཧྥིན་ལན་ཌ་ཡུལ་གྲུའི་ནང་༧གོང་ས་མཆོག་ཐེངས་འགའ་ཤས་ཕེབས་མྱོང་ཡོད་པ་ལྟར་། ཡུལ་དེའི་མི་ཚང་མས་བྱམས་བརྩེ་དང་སྙིང་རྗེའི་སྐོར་ཡར་རྒྱས་གཏོང་ཕྱོགས་དང་། དེ་བཞིན་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་སྟངས། ཆོས་ལུགས་ཕན་ཚུན་འཆམ་མཐུན་ཡོང་རྒྱུ་བཅས་གལ་ཆེར་མཐོང་གི་ཡོད་པར་མགོན་པོ་གང་ཉིད་ནས་རྗེས་དུ་ཡི་རང་དང་བསྔགས་བརྗོད་ཞུ་བཞིན་ཡོད་པ་བཀའ་གནང་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་འཚམས་འཕྲིན་ནང་། ཡིད་སྐྱོ་བ་ཞིག་ལ། དེང་གི་འཛམ་གླིང་འདིར་ས་ཁུལ་འདྲ་མིན་ནང་དྲག་སྤྱོད་ཀྱི་རྐྱེན་པས་མི་མང་པོ་ཞིག་གིས་སྡུག་བསྔལ་མྱོང་གི་ཡོད་ན། དྲག་སྤྱོད་དང་གོ་མཚོན་མེད་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་རྒྱལ་སྤྱིའི་སྤྱི་ཚོགས་ནས་དཀའ་རྙོག་རིགས་གྲོས་མོལ་དང་ཕྱི་འབྲེལ་གྱི་ཐབས་ལམ་ཐོག་ནས་སེལ་ཐུབ་པ་གནང་སྟེ། ཞི་བདེ་དང་བྱམས་སྙིང་རྗེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ་ནི་ངོས་ཀྱི་རེ་བ་ཉག་གཅིག་ཡིན་ཞེས་དང་། མཐའ་དོན་༧གོང་ས་མཆོག་གིས་ཧྥིན་ལན་ཌའི་མི་མང་གི་རེ་བ་ཇི་བཞིན་འགྲུབ་པར་ཁྱེད་ཀྱི་ཕྱག་ལས་མཐའ་དག་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་ཞེས་འཁོད་འདུག


གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎