༧གོང་ས་མཆོག་གིས་ཕར་ཕྱིན་དབྱར་ཆོས་ཆེན་མོ་དབུ་འབྱེད་གནང་བ།


2015.07.30
༧གོང་ས་མཆོག་གིས་ལ་དྭགས་ཀྱི་ཕར་ཕྱིན་དབྱར་ཆོས་ཆེན་མོ་དབུ་འབྱེད་གནང་སྐབས། ༢༠༡༥།༧།༢༩ ༧གོང་ས་མཆོག་གིས་ལ་དྭགས་ཀྱི་ཕར་ཕྱིན་དབྱར་ཆོས་ཆེན་མོ་དབུ་འབྱེད་གནང་སྐབས། ༢༠༡༥།༧།༢༩
Tenzin Choejor/OHHDL

༧གོང་ས་མཆོག་གིས་ལ་དྭགས་སླེ་ཞི་བའི་ཚལ་ཕོ་བྲང་གི་ཐང་ཆེན་དུ་དད་ལྡན་མང་ཚོགས་དྲུག་ཁྲི་ཙམ་ལ་ནང་ཆོས་ངོ་སྤྲོད་གནང་བ།
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། དེ་རིང་ཕྱི་ཟླ་༧ཚེས་༣༠ཉིན་ལ་དྭགས་སླེ་ཞི་བའི་ཚལ་ཕོ་བྲང་གི་ཐང་ཆེན་དུ་དད་ལྡན་མང་ཚོགས་དྲུག་ཁྲི་ཙམ་ལ་ནང་ཆོས་ངོ་སྤྲོད་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་པཎ་གྲུབ་བཅུ་བདུན་གྱི་བསྟོད་པའི་བཀའ་འགྲེལ། དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ་བཅས་ཀྱི་སྒོ་ནས་གསུང་ཆོས་སྩལ་གནང་མཛད་པའི་ཐོག སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་དང་། བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་བོག་ཆོག་བཅས་མཛད་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་༧ཚེས་༢༧ཉིན་ལ་དྭགས་སླེ་རུ་ཞབས་སོར་འཁོད་གནང་མཛད་རྗེས། ཁུལ་དེར་ཡོད་པའི་ཇོ་ཁང་གཙུག་ལག་ཁང་དུ་གནས་གཟིགས་དང༌། འཇམ་དབྱངས་སློབ་གྲའི་བུ་མོའི་ཉལ་ཁང་གསར་རྒྱག་ལེགས་གྲུབ་བྱུང་བ་དབུ་འབྱེད་རབ་གནས་བཀའ་དྲིན་སྩལ་བ་དང༌། ཚེས་ ༢༩ ཉིན་སྤི་ཏུག་དགོན་པར་ཕར་ཕྱིན་དབྱར་ཆོས་ཆེན་མོ་དབུ་འཛུགས་ཀྱི་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་མཛད་སྐབས་སྤི་ཏུག་མགོན་པའི་དགེ་འདུན་པ་རྣམས་ཀྱིས་གང་ཟག་རང་ངོས་ནས་གྲུབ་དང་མ་གྲུབ་ཀྱི་སྐོར་དང༌། ཡང་གཡས་གཡོན་གྱི་སློབ་གྲའི་སློབ་མ་རྣམས་ཀྱིས་བདེན་བཞིའི་རྣམ་གཞག་བཅས་པའི་ཐོག་རྟགས་གསལ་གཟིགས་འབུལ་ཞུས་ཡོད་པ་དང༌། དེ་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེར་འདུས་པའི་མང་ཚོགས་ལ་བཀའ་སློབ་སྩལ་སྐབས་ཐོག་མར་ལ་དྭགས་ཁུལ་དུ་དེང་སྐབས་ནང་ཆོས་ལ་དོ་སྣང་དང་གོ་རྟོགས་ཆེ་རུ་འགྲོ་བཞིན་ཡོད་པར་བསྔགས་བརྗོད་གནང་བ་དང་ཆབས་ཅིག ཡང་སྔར་དང་མི་འདྲ་བར་དེང་སྐབས་ཁུལ་དེར་རང་ཤི་རྒྱག་མཁན་རེ་ཟུང་ཡོང་གི་ཡོད་པའི་གནས་ཚུལ་གསན་ཐོས་བྱུང་བར་ཐུགས་ཕམ་ཡོད་ཡོང་གི་ཡོད་པ་དང༌། དེ་དག་འགོག་ཐབས་སུ་སེམས་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་བྱེད་དགོས་པའི་བཀའ་གནང་འདུག

གསར་འགོད་པ་ངག་ཆོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎