འབར་མའི་ནང་འབྱུང་བའི་གནོས་འཚེ་འོག་མི་ཁྲི་ལྷག་རྐྱེན་ལམ་དུ་ཕྱིན་པ།

འབར་མའི་ནང་རྒྱ་མཚོའི་རྦ་རླབས་དྲག་པོའི་གནོས་འཚེ་ལས་ དྲག་ཆར་རླུང་འཚུབ་ཀྱིས་རྐྱེན་བྱས་ཏེ་མི་ཁྲི་ལྷག་རྐྱེན་ལམ་དུ་ཕྱིན་འདུག

2008.05.06

༄༅༎འབར་མའི་ནང་བྱུང་བའི་གནོད་འཚེ་ཚབས་ཆེའི་དེའི་འོག་དེ་རིང་བར་ཉུང་འཐར་མི་གྲངས་ཆིག་ཁྲི་

ལྔ་སྟོང་རྐྱེན་ལམ་དུ་ཕྱིན་པ་དང་ད་དུང་མི་དམངས་ཁྲི་གསུམ་ལྷག་རྙེད་སོན་བྱུང་མེད་པའི་སྐོར་དེ་རིང་

འབར་མའི་དཔོན་རིགས་ཀྱིས་གསུང་ཡོད་པ་རེད། དེ་རིང་འབར་མའི་ངལ་སེལ་དང་སྡོད་གནས་

བསྐྱར་གསོའི་བློན་ཆེན་གྱིས་རྒྱལ་ས་ཡཱང་གོན་ནང་གསར་འགོད་ལྷན་ཚོགས་ཐོག་གསུང་པར། འབར་མའི་ནང་རྒྱ་མཚོའི་རྦ་རླབས་དྲག་པོའི་གནོས་འཚེ་ལས་དྲག་ཆར་རླུང་འཚུབ་ཀྱིས་རྐྱེན་བྱས་ཏེ་

མི་མང་པོ་ཞིག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་ རྒྱ་མཚོའི་རྦ་རླབས་ནི་མཐོ་ཚད་མི་ཊར་བཞི་ཙམ་མཐོ་རུ་

ཕྱིན་ཏེ་དེའི་མཐར་འཁོར་གྱི་ས་དམའ་སར་གནས་པའི་གྲོང་གསེབ་རྣམས་རྦ་རླབས་ཀྱིས་འཁྱེར་བ་དང་

མི་སུ་གཅིག་ཉེན་གཡོལ་དུ་འགྲོ་ཐུབ་མེད་པའི་སྐོར་གསུང་ཡོད་ཅིང། དེ་ནི་རེས་གཟའ་སྤེན་པའི་ཉིན་ནས་འབར་མའི་ནང་དྲག་ཆར་རླུང་འཚུབ་དང་རྒྱམཚོའི་རྦ་རླབས་ཀྱི་

གནོད་འཚེ་བྱུང་སྟེ་ མི་དམངས་སྟོང་ཕྲག་འགའ་ཤས་རྐྱེན་ལམ་དུ་ཕྱིན་པའི་རྗེས་འབར་མའི་དྲག་པོའི་

གཞུང་ཕྱོགས་ནས་གནོད་འཚེ་དེའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་ངོ་སྤྲོད་བྱས་པ་ཐེངས་དང་པོ་ཡིན་པ་རེད། འབར་མའི་དྲག་པོའི་གཞུང་གིས་འབྱུང་བའི་གནོད་འཚེ་ཕོག་ཡུལ་གྱི་མངའ་སྡེ་ལྔའི་ནང་ནས་གསུམ་ལ་

ཛ་དྲག་གི་ཁྲིམས་གཞི་བཀོད་སྡོམས་བྱས་པ་ཕྱིར་བསྡུ་བྱས་ཡོད་པ་དང༌། ད་རེས་ཀྱི་དྲག་ཆར་རླུང་འཚུབ་ཀྱི་གནོད་འཚེ་སྡུག་ཤོས་བྱུང་ཡུལ་རྒྱལ་ས་ཡཱང་གོན་དང་ཨི་ར་ཝ་ཌི་

ཞེས་པའི་ནང་གི་ས་ཁུལ་ཁག་ཅིག་ཡིན་ཞིང༌། ཐའེ་ལཱེན་གྱི་རྒྱལ་ས་སྦེང་ཀོག་ནང་ཡོད་པའི་

འབར་མའི་གཞུང་ཚབ་པ་དང་ཐའེ་ལཱེན་གྱི་ཕྱི་སྲིད་བློན་ཆེན་མཇལ་འཕྲད་བྱུང་བའི་སྐབས་འབར་མའི་

གཞུང་ཚབ་པས་ད་རེས་ཀྱི་འབྱུང་བའི་གནོད་འཚེ་དེའི་ནང་མི་དམངས་ཁྲི་གསུམ་གར་སོང་ཆ་མེད་དུ་

གྱུར་ཡོད་པའི་སྐོར་གསུང་པ་དང་དེའི་སྔོན་ཙམ་ལ་འབར་མའི་ཕྱི་སྲིད་བློན་ཆེན་གྱིས་གཞུང་གི་བརྙན་འཕྲིན་

ཐོག་རྒྱལ་ས་ཡཱང་གོན་གྱི་ལྷོ་ནུབ་ཕྱོགས་སུ་ཡོད་པའི་སྦོ་ག་ལཱེ་ས་གནས་ཁོ་ནའི་ནང་མི་དམངས་ཁྲི་གཅིག་

རྐྱེན་ལམ་དུ་ཕྱིན་ཡོད་པའི་སྐོར་གསུང་ཡོད་པ་རེད། ད་རེས་འབར་མའི་ནང་དྲག་ཆར་རླུང་འཚུབ་དང་རྒྱ་མཚོའི་རྦ་རླབས་ཀྱི་གནོད་འཚེ་དེ་ནི་ཕྱི་ལོ་༡༩༩༡ ལོར་སྦང་ལཱ་རྡེཤི་ནང་དེ་ལྟ་བུའི་གནོད་འཚེ་བྱུང་སྟེ་མི་དམངས་འབུམ་གཅིག་དང་ཁྲི་བཞི་ལྷག་རྐྱེན་ལམ་

ཕྱིན་པ་ནས་བཟུང་འདས་པའི་མི་ལོ་༡༧ནང་ཨེ་ཤི་ཡའི་མངའ་ཁུལ་ནང་དུ་འབྱུང་བའི་གནོད་འཚེ་སྡུག་ཤོས་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎