མིཡན་མར་གྱི་ནང་པའི་དགེ་འདུན་པ་ཞིག་འཛིན་བཟུང་བྱས་འདུག


2017.02.07
མཡན་མར་(Myanmar)ཡུལ་གྱི་ས་ཁྲ། མཡན་མར་(Myanmar)ཡུལ་གྱི་ས་ཁྲ།
google

མིཡན་མར་(Myanmar)་ཡུལ་གྱི་ནང་པའི་དགེ་འདུན་པ་ཞིག་གི་ལག་ནས་བཟི་སྨན་དུག་རྫས་འབོར་ཆེ་ཐོན་ཏེ་འཛིན་བཟུང་བྱས་ཡོད་འདུག
དེ་ཡང་མཡན་མར་(Myanmar)ནང་བཟི་སྨན་དུག་རྫས་ཚོང་འགྲེམ་བཀག་འདོམས་གྱི་འབྲེལ་ཡོད་དཔོན་རིགས་Muang Muang Yin གྱིས་གནས་ཚུལ་ཕྱི་བསྒྲགས་བྱས་པར་གཞིགས་ན། ཟླ་བ་འདིའི་ཚེས་༥་རེས་གཟའ་ཉི་མའི་ཉིན་ནང་པའི་དགེ་འདུན་པ་ཞིག་གིས་སྣུམ་འཁོར་བཟི་སྨན་དུག་རྫས་འོར་འདྲེན་བྱེད་ཀྱི་ཡོད་པའི་སྐོར་གཞུང་ལ་བརྡ་ལན་སྤྲོད་མཁན་བྱུང་བར་སོང༌། ཉེན་རྟོག་པས་ནང་པའི་དགེ་འདུན་པ་དེ་མཡན་མར་དང་བྷང་ལ་དྷེཤའི་ས་མཚམས་འཁེལ་སའི་Rakhine་མངའ་སྡེའི་ས་གནས་ཤིག་ཏུ་སྣུམ་འཁོར་ནང་འགྲུལ་བསྐྱོད་བྱས་སྐབས་བཀག་སྟེ་སྔོག་བཤེར་བྱས་སྐབས། དགེ་འདུན་པ་དེའི་སྣུམ་འཁོར་ནང་ནས་ Methamphetamine་ཟེར་བའི་གཟི་སྨན་དུག་རྫས་རིལ་བུ་བཞི་འབུམ་ཐོན་ཡོད་པ་དང༌། དེ་ནས་ཉེན་རྟོག་པས་དགེ་འདུན་པ་དེ་ཡི་ཁང་ཁྱིམ་སྔོག་བཤེར་བྱས་པར་གོང་ཞུས་ཉལ་ཐ་གྱི་རིལ་བུ་ས་ཡ་བཞི་དང་ཉིས་འབུམ་དང༌། མཡན་མར་གྱི་ཤོར་སྒོར་ས་ཡ་གཅིག་བཅས་ཐོན་ཡོད་པར་སོང༌། དགེ་འདུན་པ་དེ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་ལས་འཛིན་བཟུང་བྱས་པའི་དགེ་འདུན་དེ་ཡི་མིང་དང་ལོ་རྒྱུས་སོགས་གང་ཡང་བཀོད་མི་འདུག
སྤྱིར་བཏང་མཡན་མར་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་ནས་Methamphetamine་དང་ཨ་ཕིམ་ཟེར་བའི་ཉལ་ཐ་ཐོན་ཁུངས་ཆེ་ཤོས་གྲས་ཡིན་ཡང༌། ནང་པའི་དགེ་འདུན་པ་ཞིག་གི་ལག་ནས་འདི་ལྟབུའི་ཉལ་ཐ་ཕོན་ཆེན་པོ་ཐོན་པ་དེར་གཞུང་འབྲེལ་དཔོན་རིགས་ཚོ་ཧང་སངས་དགོས་པ་ཞིག་བྱུང་ཡོད་པ་མའན་མར་ཆོས་དོན་ལྷན་ཁང་གི་འགན་འཛིན་Soe Min Tun་གྱིས་གསུངས་འདུག།

གསར་འགོད་པ་ངག་ཆོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎