ལྕམ་ཨང་སང་སུ་ཅི་ཡིས་རྒྱ་ནག་ལ་གཟིགས་སྐོར་གནང་བཞིན་པ།


2016.08.18
མ་ཡན་མར་གྱི་དབུ་འཁྲིད་ལྕམ་ཨང་སང་སུ་ཅི་དང་རྒྱ་ནག་གི་སྲིད་བློན་ལེ་ཁེ་ཆིང་Le Keqiang་རྣམ་གཉིས་མཇལ་འཕྲད་སྐབས། ༢༠༡༦།༨།༡༨ མ་ཡན་མར་གྱི་དབུ་འཁྲིད་ལྕམ་ཨང་སང་སུ་ཅི་དང་རྒྱ་ནག་གི་སྲིད་བློན་ལེ་ཁེ་ཆིང་Le Keqiang་རྣམ་གཉིས་མཇལ་འཕྲད་སྐབས། ༢༠༡༦།༨།༡༨
AFP

རྒྱ་ནག་གིས་མ་ཡན་མར་ཡུལ་ལ་སྨན་ཁང་རྒྱག་རྒྱུ་སོགས་རོགས་རམ་ཁག་གཅིག་བྱེད་རྒྱུའི་མོས་མཐུན་གནང་འདུག
འདི་ཚེས་༡༨་ཉིན་མ་ཡན་མར་གྱི་དབུ་འཁྲིད་ལྕམ་ཨང་སང་སུ་ཅི་དང་རྒྱ་ནག་གི་སྲིད་བློན་ལེ་ཁེ་ཆིང་Le Keqiang་རྣམ་གཉིས་མཇལ་འཕྲད་གྲོས་མོལ་གནང་བའི་སྐབས་ཡུལ་གྲུ་གཉིས་ཀྱི་ས་མཚམས་སུ་ཟམ་ཆེན་ཞིག་དང་། དེ་བཞིན་རྒྱ་ནག་གི་རོགས་རམ་འོག་མ་ཡན་མར་ཡུལ་གྱི་ནང་སྨན་ཁང་གཉིས་གསར་རྒྱག་བྱེད་རྒྱུར་མོས་མཐུན་བྱུང་ཡོད་འདུག
དེ་ཡང་མ་ཡན་མར་གཞུང་འཛིན་དམངས་གཙོ་ཚོགས་པའི་དབུ་འཁྲིད་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་གཅིག་ལྕོག་གི་མཛད་འགན་བཞེས་བཞིན་པའི་ལྕམ་ཨང་སང་སུ་ཅི་འདི་ཚེས་༡༧་ཉིན་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་འབྱོར་གྱིས། ཕྱི་ཚེས་༡༨་ཉིན་ཁོང་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡུལ་དེའི་སྲིད་བློན་Le Keqiang་ལྷན་དུ་མཇལ་འཕྲད་གྲོས་མོལ་གནང་བའི་སྐབས། གོང་ཞུས་ཐག་གཅོད་དེ་བྱུང་ཡོད་པ་མ་ཡན་མར་ཕྱི་སྲིད་ལྷན་ཁང་གི་འགན་འཛིན་གཞོན་པ་Aye Aye Soe་ཡིས་རོའི་ཀྲར་གསར་ལས་ཁང་ལ་གསུངས་འདུག
ཡང་དབུ་ཁྲིད་གཉིས་ཀྱི་མཇལ་འཕྲད་སྐབས། ལྕམ་ཨང་སང་སུ་ཅི་ཡིས། རྒྱ་ནག་དང་མ་ཡན་མར་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པ་མ་ཟད་རྒྱུན་རིང་སྲ་བརྟན་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པའི་ལན་དུ། རྒྱ་ནག་གི་སྲིད་བློན་Le Keqiang་གིས། ཁྱེད་ཐེངས་འདིར་རྒྱ་ནག་ལ་ཕེབས་ཐུབ་པ་དེ་ཡིས་དམིགས་ཡུལ་དེ་གྲུབ་ངེས་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་བཤད་ཡོད་པ་གོང་ཞུས་མ་ཡན་མར་ཕྱི་སྲིད་ལྷན་ཁང་གི་འགན་འཛིན་གཞོན་པས་གནས་ཚུལ་ཕྱི་བསྒྲགས་གནང་འདུག
ཡང་གནས་ཚུལ་ནང་མུ་མཐུད་འགྲེལ་བརྗོད་བྱས་པར་གཞིགས་ན། ཕྱི་ཚེས་༡༩་ཉིན་ལྕམ་ཨང་སང་སུ་ཅི་ཡིས་རྒྱ་ནག་གི་སྲིད་འཛིན་Xi Jinping་ལྷན་དུ་མཇལ་འཕྲད་གནང་རྒྱུ་ཡིན་པ་དང༌། སྐབས་དེར་དེ་སྔ་རྒྱ་ནག་གི་རོགས་རམ་འོག་མ་ཡན་མར་ནང་ཆུ་མཛོད་ཞིག་གསར་རྒྱག་བྱེད་རྒྱུའི་ལས་འཆར་ཞིག་ཡོད་པ་དེའི་སྐོར་དང༌། དེ་བཞིན་རྒྱ་ནག་དང་ས་འབྲེལ་འཁེལ་སའི་མ་ཡན་མར་གྱི་བྱང་ཕྱོགས་ས་ཁུལ་དུ་གཞུང་ལ་དྲག་འཐབ་ཀྱི་ངོ་རྒོལ་བྱེད་མཁན་གྱི་གྲངས་ཉུང་མི་རིགས་ཁག་ཅིག་ཡོད་པ་དེ་དག་དང་མ་ཡན་གཞུང་དབར་དམག་འཐབ་མཚམས་འཇོག་ཡོང་བར་རྒྱ་ནག་གཞུང་གིས་མཐུན་འགྱུར་རོགས་རམ་ཡོང་མིན་བཅས་ཀྱི་སྐོར་བཀའ་བསྡུར་གཙོ་བོ་གནང་འཆར་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎