ཤིན་ཅང་དུ་ཁ་ཆེའི་ཆོས་ཕྱོགས་དུས་ཆེན་ལ་དམ་བསྒྲགས་བྱས་པ།

ཁ་ཆེའི་དུས་ཆེན་ཁྱད་པར་ཅན་ར་མ་རྡའན་སྐབས་འདིར་རྒྱ་ནག་གཞུང་གིས་ཤིན་ཅང་ཐོག་སྲུང་སྐྱོབ་ཀྱི་དམ་བསྒྲགས་ཤུགས་ཆེར་བྱས་ཡོད་པ་རེད།

2008.09.05

༄༅༎ཁ་ཆེ་ཚོས་ལོ་གཅིག་ནང་ཟླ་བ་གཅིག་རིང་སྲུང་བརྩི་ཞུ་བའི་ཁ་ཆེའི་ཆོས་ཕྱོགས་ཀྱི་དུས་ཆེན་ཁྱད་པར་ཅན་ ར་མ་རྡའན་ ཞེས་པ་དེའི་རིང་རྒྱ་ནག་གཞུང་གིས་ཤིན་ཅང་ས་ཁུལ་ནང་གཞི་རྒྱ་ཆེ་བའི་ཆོས་ཕྱོགས་བྱེད་སྒོ་དང་ཆོས་རྫས་རིགས་འགྲེམས་སྤེལ་བྱེད་མི་ཆོག་པའི་བཀག་བསྡོམས་བྱས་ཏེ་ ར་མ་རྡའན་དུས་ཆེན་ཐོག་སྲུང་སྐྱོབ་ཀྱི་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་པ་རེད།

དེ་ཡང་ཁ་སྔོན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་བཞིན་པའི་སྐབས་ཤིན་ཅང་ས་ཁུལ་ནང་གཞུང་གི་ཉེན་རྟོག་པའི་ཐོག་རྒོལ་རྡུང་རིམ་པ་བཏང་སྟེ་ གཞུང་གི་ཉེན་རྟོག་ལས་བྱེད་པ་༢༠ རྐྱེན་ལམ་དུ་བཏང་བ་དང་བདེ་འཇགས་མི་སྣ་ཞིག་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་དང་དེ་བཞིན་རྒྱ་ནག་གཞུང་ཕྱོགས་ནས་ཤིན་ཅང་ནང་གི་ཉེན་རྟོག་པ་སོགས་གཞུང་གི་ཐོག་ལ་རྒོལ་རྡུང་གཏོང་མཁན་གྱི་མི་སྣ་མང་པོ་ཞིག་འཛིན་བཟུང་བྱས་པ་དང་དམར་གསོད་བཏང་བ་སོགས་ཀྱིས་འདི་ལོ་ནི་འཛིན་བཟུང་བྱས་པའི་གྲངས་འབོར་མང་ཤོས་བྱུང་ཡོད་པ་རེད། ཁ་ཆེ་ཚོས་ཟླ་བ་གཅིག་ཙམ་རིང་སྨྱུངས་གནས་སུ་སྡོད་པའི་ ར་མ་རྡའན་ ཆོས་ཕྱོགས་ཀྱི་དུས་ཆེན་འགོ་བཙུགས་ཡོད་ཀྱང་ཤིན་ཅང་གི་རྒྱ་མིའི་ས་གནས་དཔོན་རིགས་ནས་ས་གནས་ནང་བདེ་འཇགས་ཞི་འཇམ་ཡོང་བ་དང་ཁ་ཆེ་བ་ཚོས་མུ་མཐུད་ས་གནས་ནང་ཟིང་ཆ་སློང་ཐབས་ཀྱི་ཆོས་ཕྱོགས་ཀྱི་དུས་ཆེན་སྲུང་བརྩི་ཞུ་མི་ཆོག་པ་དང༌། ལྷག་པར་དུ་གཞུང་གི་དཔོན་རིགས་དང་ས་གནས་དམར་ཤོག་ཚོགས་པའི་ཚོགས་མི། དགེ་རྒན། སློབ་ཕྲུག་སོགས་ལའང་སྲུང་བརྩི་ཞུ་མི་ཆོག་བཀག་འགོག་བྱས་ཏེ་གལ་ཏེ་མི་གང་ཞིག་གིས་གཞན་ལ་སྲུང་བརྩི་ཞུ་དགོས་པའི་བརྒྱུད་སྐུལ་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་མཚམས་ཉེས་ཆད་གཏོང་རྒྱུ་ཡིན་པའི་བཀོད་ཁྱབ་བཏང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎