བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་མི་གྲངས་༥༢༦༩ཟིན་འདུག

2022.08.22
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་མི་གྲངས་༥༢༦༩ཟིན་འདུག ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ། ༠༨།༢༠༢༢
སྤྱི་ཚོགས་དྲ་ལམ།

བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༨།༢༢ཉིན་རྒྱབ་བར།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་སུ། ༥༡༣༦ ༡༣༣ ༡༢༤ ༥༢༦༩


བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༨།༢༡ཉིན།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་སུ། ༤༥༨༧ ༥༤༩ ༥༥ ༤༩༤ ༥༡༣༦


བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༨།༢༠ཉིན།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་མཁན། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་སུ། ༣༩༩༣ ༥༩༤ ༣༤ ༥༦༠ ༤༥༨༧


བོད་ཀྱི་ས་ཁུལ་གང་སར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གྲངས་འབོར་མུ་མཐུད་དུ་འཕར་བཞིན་པ་དང་། འདི་ཚེས་༢༢ཉིན་གྱི་ཉིན་རྒྱབ་བར། བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༥༢༦༩བར་འཕར་འདུག་ཅིང་། དེ་ནི་འདི་ཚེས་༢༠ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་གསར་ཐོན་ནད་པ་ནད་རྟགས་ཅན་༣༤དང་། ནད་རྟགས་མི་མངོན་པའི་ནད་པ་༥༦༠མང་དུ་ཕྱིན་འདུག ཚེས་༢༡ཉིན་གཏན་འཁེལ་ནད་པ་༥༥ཐོན་པ་ནས། ལྷ་ས་གྲོང་ཁྱེར་དུ་༢༦དང་། གཞིས་ཀ་རྩེ་གྲོང་ཁྱེར་དུ་༢༥། ཉིང་ཁྲི་གྲོང་ཁྱེར་དུ་༢། མངའ་རིས་ས་ཁུལ་དུ་༢དང་། ནད་རྟགས་མི་མངོན་པའི་ནད་པ་༤༩༤མང་དུ་ཕྱིན་པ་ནས། ལྷ་ས་གྲོང་ཁྱེར་དུ་༡༦༩དང་། གཞིས་ཀ་རྩེ་གྲོང་ཁྱེར་དུ་༡༧༥། ལྷོ་ཁ་གྲོང་ཁྱེར་དུ་༤༣། ཉིང་ཁྲི་གྲོང་ཁྱེར་དུ་༣༢། ཆབ་མདོ་གྲོང་ཁྱེར་དུ་༥། ནག་ཆུ་གྲོང་ཁྱེར་དུ་༣༠། མངའ་རིས་ས་ཁུལ་དུ་༤༠བཅས་ཐོན་འདུག གཞན་ཚེས་༢༢ཉིན། གཏན་འཁེལ་ནད་པ་༩མང་དུ་ཕྱིན་པ་ནས། ཆབ་མདོ་གྲོང་ཁྱེར་དུ་༦དང་། མངའ་རིས་ས་ཁུལ་དུ་༣ཡོད། ནད་རྟགས་མི་མངོན་པའི་ནད་པ་༡༢༤མང་དུ་ཕྱིན་པ་ནས། ལྷ་ས་གྲོང་ཁྱེར་དུ་༨དང་། གཞིས་ཀ་རྩེ་གྲོང་ཁྱེར་དུ་༦༥། ལྷོ་ཁ་གྲོང་ཁྱེར་དུ་༢༡། ཉིང་ཁྲི་གྲོང་ཁྱེར་དུ་༤། ཆབ་མདོ་གྲོང་ཁྱེར་དུ་༢། ནག་ཆུ་གྲོང་ཁྱེར་དུ་༨། མངའ་རིས་ས་ཁུལ་དུ་༡༦བཅས་བྱུང་པ། བོད་རང་སྐྱོང་ལྗོངས་ཟེར་བའི་ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅུ་བཞི་པའི་ཐོག་བསྒྲགས་འདུག
དེ་བས་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་བོད་ཀྱི་ས་ཁུལ་ཁག་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་མུ་མཐུད་འགྲོ་བཞིན་པར་བརྟེན། མང་ཚོགས་ལ་གང་ཅིའི་ཐད་དཀའ་ངལ་མུ་མཐུད་དུ་འཕྲད་བཞིན་ཡོད་འདུག་ཅིང་། གཞིས་རྩེ་སོགས་ས་ཁུལ་ནང་མུ་མཐུད་མང་ཚོགས་ཁྲོད་དམ་དྲག་དུས་འགྱངས་བྱ་རྒྱུ་ཡིན་འདུག

lhasa covid1.jpg
བོད་ཀྱི་རྒྱལ་ས་ལྷ་སར་ཏོག་དབྱིབས་འགོས་ནད་ཁྱབ་གདལ་ཕྱིན་པའི་རྗེས། གཞུང་ཕྱོགས་ཀྱི་གསལ་བསྒྲགས་ནང་མང་ཚོགས་ལ་བཟའ་བཅའ་གདེང་ངེས་ཡོད་པ་མ་ཟད། ས་ཁུལ་སོ་སོའི་ནང་ཟུར་བཀག་བྱས་པ་ཚོས་བཟའ་བཅའ་ཚོང་ཁང་དང་ཟ་ཁང་ནས་མངགས་ཉོ་བྱེད་ཆོག་པ་སོགས་དྲིལ་བསྒྲགས་མང་པོ་བྱས་ཡོད་རུང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་ནང་ནས་གནས་ཚུལ་བརྒྱུད་ལོན་ཐུབ་པར་གཞིགས་ན། ལྷ་སའི་གྲོང་མི་ཚོའི་ཉིན་རེའི་འཚོ་བའི་ནང་སྔོ་ཚལ་རིགས་མི་གདེང་བ་དང་མངགས་ཉོ་བྱ་ཡུལ་ཁག་པོར་གྱུར་ནས་རིན་གོང་མཐོ་པོ་ལེན་པ་སོགས་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག ཡང་སྤྱི་ཚོགས་ཐོག་འཕྲད་པའི་དཀའ་ངལ་སྤྱི་ཚོགས་དྲ་རྒྱའི་ཐོག་སྤེལ་མཁན་ལ་དཀྲོག་གཏམ་བཟོ་མཁན་ལ་སོགས་པའི་ཐོག་ནས་ཉེས་པ་བཏང་བའི་རིགས་བྱུང་འདུག་པར་མ་ཟད། ཉེན་རྟོག་པས་མང་ཚོགས་ཐོག་དམ་བསྒྲགས་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཏོག་དབྱིབས་འགོས་ནད་ཀྱི་འགོག་སྲུང་གི་གཏན་འབེབས་དང་འགལ་བའི་མིང་ཐོག་ནས་མི་༡༩ལ་ཉེས་པ་བཏང་ཡོད་འདུག
གཞན་ཡང་གཞིས་རྩེར་ཁྱིམ་སྡོད་ཟུར་བཀག་གི་དུས་ཚོད་ནར་འགྱངས་བྱ་རྒྱུའི་གསལ་བསྒྲགས་ནང་། གྲོང་མི་ཚོས་མུ་མཐུད་རིམས་འགོག་སྒྲིག་སྲོལ་ཁག་ལ་བརྩི་སྲུང་ནན་པོ་བྱས་ཏེ། ཕྱིར་མི་འགྲོ་བ་དང་། མི་གཞན་གྱི་ཁྱིམ་དུ་མི་འགྲིམ་པ། འདུ་འཛོམས་མི་བྱེད་པ་བཅས་བྱ་དགོས་ལུགས་འཁོད་འདུག
དེ་བཞིན་ལྷོ་ཁར་ཡང་གཅིག་མཚུངས་ཀྱི་བརྡ་ཁྱབ་བཏང་པའི་ནང་། ལྷོ་ཁ་གྲོང་ཁྱེར་གྱི་རིམས་ནད་འགོག་ཟོན་གནས་བབ་སྔར་བཞིན་ཛ་དྲག་པོ་དང་རྙོག་འཛིང་ཆེན་པོ་ཡོད་པས། ༼ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལྷོ་ཁ་གྲོང་ཁྱེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས། ༢༠༢༢ལོའི་ཨང་༡༤པ།༽མུ་མཐུད་ལག་བསྟར་བྱ་རྒྱུ་དང་། བྱ་ཐབས་ནན་ཤོས་ཁག་ལ་འགྱུར་བ་མེད་པ་བརྗོད་འདུག
གཞན་ཟི་ལིང་དང་། རྨ་ལྷོ་ཁུལ། ཡུལ་ཤུལ། མཚོ་ནུབ་བཅས་སུ་ཏོག་དབྱིབས་འགོས་ནད་ཕོག་པའི་ནད་པ་ཇེ་མང་དུ་འགྲོ་བཞིན་པ་ས་གནས་ཀྱི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་འདུག

གསར་འགོད་པ། སྐལ་ལྡན་བློ་གྲོས། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎