ཆོས་དབྱིངས་སྐྱིད་ལགས་སུ་ཨང་དང་པོ་ཐོབ་འདུག
2019.11.12

ཕྱི་ལོ་༢༠༡༩ལོའི་རྒྱལ་སྤྱིའི་མཆོངས་རྒྱུག་འཕེན་གསུམ་ལྷན་ཚོགས་ནས་འཛམ་གླིང་འགྲན་བསྡུར་གྱི་ལོ་འཁོར་མོའི་སྤྱིའི་ཨང་རིམ་ཕྱིར་བསྒྲགས་བྱས་ཡོད་ཅིང་།ཆོས་དབྱིངས་སྐྱིད་ལགས་སུ་བུད་མེད་ཀྱི་ལོ་འཁོར་མོའི་ཨང་དང་པོ་ཐོབ་ཡོད་ལ་བསགས་སྐར་༣༤རེད་འདུག ཨང་གཉིས་པ་དེ་རྒྱ་ནག་གི་ལིའུ་དཔུང་ཞུ་བར་བསགས་སྒར་༣༢དང་། ཨང་གསུམ་པ་སྦར་ཛིལ་(Brazil)རྒྱལ་ཁབ་ཀྱི་Erica de Sena ཞུ་བར་བསགས་སྐར་༢༦དང་། ཨང་བཞི་པ་བོད་རིགས་ཀླུ་མོ་མཚོ་ལགས་སུ་བསགས་སྐར་༢༦ཡིན་པ་རེད་འདུག ཨང་རིམ་འདི་ནི་ད་ལོའི་ལོ་གཅིག་གི་རིང་འཛམ་གླིང་གི་ས་གནས་འདྲ་མིན་ནས་འགྲན་བསྡུར་གནང་བ་ཆ་ཚང་གི་སྐར་གྲངས་འབྲས་བུ་ཕྱོགས་བསྡུས་ཀྱིས་ཨང་རིམ་སྒྲིག་པ་ཞིག་རེད།
ཆོས་དབྱིངས་སྐྱིད་ལགས་ནི་ཕ་ཡུལ་མཚོ་སྔོན་པོའི་མདའ་བཞི་ནས་ཡིན་ཞིང་། ༢༠༡༢ ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་འཚོགས་པའི་ཨོ་ལོམ་ཕི་ཁི་རྩེད་འགྲན་ཚོགས་སྐབས་ ༣༠ པའི་ཐོག་སྤྱི་ལེ་ ༢༠ ཅན་གྱི་བུད་མེད་འདུར་རྒྱུག་འགྲན་བསྡུར་ཁྲོད་དངུལ་གྱི་རྟགས་མ་ཐོབ་པ་མ་ཟད། བོད་རིགས་ཤིག་གིས་རྒྱལ་སྤྱིའི་ཨོ་ལོམ་ཕི་ཁི་རྩེད་འགྲན་ནང་ཞུགས་པ་ལོ་རྒྱུས་སྟེང་ཐོག་མ་དེའང་ཆགས་ཡོད་པ་རེད།
ཀླུ་མོ་མཚོ་ལགས་ནི་ཕ་ཡུལ་མཚོ་སྔོན་ཡ་རྫི་རྫོང་རྡོ་སྦིས་ནས་ཡིན་ཞིང་། ད་ལོའི་ཕྱི་ཟླ་ ༣ པའི་ནང་རྒྱ་ནག་གི་ཨན་ཧུའེ་ཞིང་ཆེན་ཧང་ཧྲན་ནས་བསྡུས་པའི ༢༠༡༩ ལོའི་རྒྱལ་ཡོངས་འདུར་རྒྱུག་འགྲན་བསྡུར་ཆེན་མོ་དང་འཛམ་གླིང་ལུས་རྩལ་འགྲན་བསྡུར་གྱི་སྤྱི་ལེ་ ༥༠ འི་འདེམས་སྒྲུག་འགྲན་བསྡུར་ནང་བུད་མེད་དར་མའི་ཚན་ཆུང་གི་འགྲན་བསྡུར་ཁྲོད་ཀླུ་མོ་མཚོས་ཆུ་ཚོད་བཞི་དང་སྐར་མ་གསུམ་སྐར་ཆ་ལྔ་བཅུ་ལྔ་གཅིག་གིས་འཛམ་གླིང་གི་ཟིན་ཐོ་གསར་པ་བཞག་པ་སྐབས་དེར་གསར་ལམ་ཁག་ཏུ་གནས་ཚུལ་མང་པོ་སྤེལ་འདུག།