བོད་ས་མཐོའི་གནམ་གཤིས་ལ་མགྱོགས་མྱུར་ངང་འགྱུར་ལྡོག་འགྲོ་བཞིན་ཡོད་པས་རང་འབྱུང་གི་གནོད་འཚེ་ཡོང་སྲིད་པ།

2021.08.24
བོད་ས་མཐོའི་གནམ་གཤིས་ལ་མགྱོགས་མྱུར་ངང་འགྱུར་ལྡོག་འགྲོ་བཞིན་ཡོད་པས་རང་འབྱུང་གི་གནོད་འཚེ་ཡོང་སྲིད་པ། བོད་ཀྱི་རི་དྭགས།
པར་ཚགས།

རྒྱ་ནག་གི་ཚན་རིག་ཞིབ་འཇུག་པས་བོད་མཐོ་སྒང་དུ་ཞིབ་འཇུག་བྱས་པའི་རྗེས་གོང་ཞུས་ཀྱི་ཉེན་བརྡ་བཏང་པ་ཞིག་ཡིན་པ་དང་། རྒྱ་ནག་གི་ནུབ་ཕྱོགས་ས་ཁུལ་ཁག་དང་དེ་བཞིན་ཧི་མ་ལ་ཡའི་རི་བརྒྱུད་ཚུད་པའི་བོད་མཐོ་སྒང་དེ་བཞིན་རྒྱ་ནག་གི་སྐྱེ་དངོས་བདེ་འཇགས་ཀྱི་གལ་ཆེའི་ས་ཁུལ་ཞིག་ཏུ་རྒྱ་ནག་གཞུང་གིས་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད་། ལྷོ་ཤར་ཨེ་ཤེ་ཡའི་ཆུའི་འབྱུང་ཁུངས་ཀྱི་མཛོད་ལྟ་བུ་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གནད་དོན་ཐད་ཀྱི་ཞིབ་འཇུག་པས་ཉེ་ཆར་ཞིབ་འཇུག་སྙན་ཐོ་འདོན་སྤེལ་བྱས་པའི་ནང་། ས་མཐོའི་ཁུལ་གི་ཚ་དྲོད་རྒྱས་བཞིན་པ་དང་ཆར་ཞོད་ཆེ་བའི་རྐྱེན་གྱིས་ཆུ་ལོག་གི་གནོད་འཚེ་ཇེ་ཆེར་འགྲོ་བཞིན་ཡོད་པའི་སྐོར་བཀོད་ཡོད་ཅིང་། རྒྱ་ནག་གི་ཚན་རིག་ཞིབ་འཇུག་པས་ཀྱང་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བར་། ཆར་ཞོད་དང་ཚ་དྲོད་ཀྱིས་བོད་མཐོ་སྒང་གི་ས་ཁུལ་ཁག་ཅིག་ནང་ཆར་ཞོད་དང་ཚ་དྲོད་རྒྱས་པའི་རྐྱེན་གྱིས་རྩྭ་ཐང་བཟང་དུ་འགྲོ་བ་དང་། མཚེའུ་དང་གཙང་པོའི་ཆུ་ཤུགས་ཆེ་རུ་འགྲོ་བའི་དབང་གིས་བྱང་ཐང་ཁུལ་དུ་འཚོ་གནས་བྱེད་བཞིན་པའི་རི་དྭགས་སེམས་ཅན་གྱི་གནས་ཡུལ་ཡང་རྒྱས་བཞིན་ཡོད་པ་དང་།  ཡིན་ན་ཡང་གནས་སྟངས་དེ་རིགས་ནི་དུས་ཡུན་ཐུང་ངུའི་མཁེ་ཕན་ཞིག་ལས་། དོན་དངོས་ཐོག་ས་མཐོའི་ཚ་དྲོད་རྒྱས་བཞིན་པའི་གནས་སྟངས་ཀྱིས་ཆུ་ལོག་སོགས་རང་འབྱུང་གནོད་འཚེ་དེ་བས་ཚབས་ཆེ་རུ་འགྲོ་བཞིན་པའི་ཉེན་བརྡ་བཏང་ཡོད་པ་རེད་། ཕྱི་ལོ་༡༩༦༠རེ་གྲངས་ནས་བཟུང་བོད་མཐོ་སྒང་གི་གནམ་གཤིས་དེ་བཞིན་ལོ་བཅུའི་ནང་ཚ་ཚད་ Celsius0.35ཙམ་འཕར་གྱི་ཡོད་པ་དང་། དེ་ནི་རྒྱལ་སྤྱིའི་ཚད་ལྡན་གྱི་ཚ་དྲོད་འཕར་ཚད་ལས་ལྡབ་གཉིས་ཙམ་གྱི་མང་བ་ཡོད་ཅིང་། དེ་བཞིན་ཕྱི་ལོ་༡༩༦༠རེ་གྲངས་ནས་བཟུང་བོད་ས་མཐོར་ཆར་པ་འབབ་ཚད་ལོ་བཅུ་རེའི་ནང་ཨིན་ཅི་བདུན་ནས་དགུ་བར་མང་དུ་ཕྱིན་ཡོད་པ་དང་།  ཕྱི་ལོ་༡༩༦༡ནས་༡༩༩༩ལོའི་བར་ཆར་པ་འབབ་ཚད་བརྒྱ་ཆ་བཅུ་གཉིས་དང་གྲངས་ཆུང་བདུན་ཙམ་མང་དུ་ཕྱིན་ཡོད་པ་རེད། སྙན་ཐོ་དེའི་ནང་ད་དུང་བོད་མཐོ་སྒང་དུ་མཚོའུ་བརྒྱ་ཆ་ཉི་ཤུ་ཙམ་མང་དུ་ཕྱིན་ཡོད་པ་དང་། འདས་པའི་ལོ་ངོ་བཞི་ཙམ་རིང་ས་རུད་དང་གངས་རྡིབ། འཁྱགས་རོམ་བཞུ་པ་སོགས་ཀྱི་རང་འབྱུང་གནོད་འཚེ་ཇེ་མང་དུ་ཕྱིན་ཡོད་པ་བཀོད་ཡོད་འདུག

གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎