རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སེ་ཐན་གྱི་སྒྲིག་འཛུགས་ཁག་ལ་དམ་དྲག
2018.10.24
རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སེ་ཐན་གྱི་འཚོ་ཐབས་ལས་རིགས་སློབ་གཉེར་ཁང་གཙོས་པའི་སྒྲིག་འཛུཊ་ཁག་ནང་དམ་དྲག་ཆེ་རུ་བཏང་འདུག
རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སེ་ཐན་གྱི་འཚོ་ཐབས་ལས་རིགས་སློབ་གཉེར་ཁང་གཙོས་པའི་སྒྲིག་འཛུཊ་ནང་དམ་དྲག་ཆེ་རུ་བཏང་ནས་རྫས་རླངས་དང་། གློག་རྒྱུགས། ལག་ལྕགས་སོགས་སློབ་གསོའི་ལག་ཆར་སྤྱོད་བྱེད་གསོག་འཇོག་བྱེད་བཞིན་ཡོད་འདུག
དེ་སྔ་ཤར་ཏུར་ཀི་སེ་ཐན་གྱི་ཧོ་ཏན་(HOTAN)གྲོང་བརྡལ་ནང་འཚོ་ཐབས་ལས་རིག་སློབ་གྲའི་ནང་དེང་དུས་ཀྱི་ཤེས་ཡོན་ཐོག་རྒྱ་སྐད་དང་། གཞས་དང་ཞབས་བྲོ་སོགས་སློབ་ཁྲིད་བྱས་ཡོད་ཀྱང་ད་ཆ་དམ་དྲག་ཆེ་ཏུ་བཏང་ནས་སློབ་གྲའི་ནང་ཉེན་སྲུང་བེར་རྒྱུགས་ ༢༧༦༨་དང་། གློག་རྒྱུགས་༥༥༠ ལག་ལྕགས་༡༣༦༧་དང་གཡེར་མའི་ཟེགས་ཆུ་གཏོར་བྱེད་ཡོ་ཆས་༢༧༩༢་བཅས་གསོག་འཇོག་བྱས་ཡོད་འདུག གནས་ཚུལ་ནང་ཐོན་པར་གཞིགས་ན། ཕྱི་ལོ་
༢༠༡༧ནས་བཟུང་ས་ཁུལ་དེར་འཚོ་ཐབས་ལས་རིཌ་སློབ་གཉེར་ཁང་དང་། དེ་དག་འཛིན་སྐྱོང་ཆེད་དགོས་དངུལ་ཡོད་པ་དེ་ད་ཆ་གོང་ཞུས་ཡོ་ཆས་ཁག་གསོག་འཇོག་ཆེད་འགྲོ་སོང་ཁ་སྒྱུར་བྱེད་ཀྱི་ཡོད་པ་མ་ཟད། བར་ལམ་ནས་གྲངས་ཉུང་མི་རིགས་ཡུ་གུར་བ་ས་ཡ་གཅིག་ཙམ་སློབ་གསོའི་ཆེད་བཀག་བསྐྱིལ་བྱས་ཡོད་པའི་གནས་ཚུལ་ཡང་ཡོངས་གྲགས་རེད། རྒྱ་ནག་གཞུང་གིས་ཐོག་མར་དེ་ལྟར་བྱེད་ཀྱི་ཡོད་པ་ངོས་ལེན་བྱས་མེད་ཀྱང་རིམ་པས་མཉམ་འབྲེལ་རྒྱལ་ཚོཊ་དང་ཨ་མི་རི་ཀ་སོཌ་རྒྱལ་སྤྱིའི་ཐོག་ནས་གནོན་ཤུགས་འོག་ངོས་ལེན་མི་བྱེད་རང་བྱེད་
ཆགས་ཡོད་འདུག དཔེར་ན། ཧྥ་རན་སིའི་གསར་ལས་ཁང་གིས་གོང་གསལ་སློབ་གྲའི་
དགོས་དངུལ་ཁ་སྒྱུར་བྱས་པའི་ཁུངས་སྐྱེལ་ཡིག་ཆ་༡༥༠༠ལྷག་མཁོ་སྒྲུབ་བྱས་ཡོད་འདུག སློབ་གཉེར་ཁང་དེ་དག་ད་ཆ་བཙོན་ཁང་ལྟ་བྱུར་གྱུར་ནས་དམག་མིས་དོ་དམ་བྱ་ར་བྱེད་བཞིན་པ་མ་ཟད། སློབ་ཕྲུག་ཚོར་སོ་སོའི་རིགས་རྒྱུད་དང་སྲོལ་རྒྱུན་གོམས་གཤིས་སོགས་དོར་དགོས་པའི་བཙན་དབང་གཏོང་གི་ཡོད་པའི་ཡིག་ཆ་ལག་སོན་བྱུང་ཡོད་འདུག
གསར་འགོད་ཀརྨ་རྒྱ་མཚོ།