མཱ་ལེ་ཞི་ཡས་རྒྱ་ནག་གཞུང་གི་གནོན་ཤུགས་དང་རེ་འདུན་སྣང་མེད་བཏང་འདུག


2018.10.12
ཡུ་གུར་ལས་འགུལ་བས་རྒྱ་ནག་གི་སྲིད་འཛིན་ཨ་རིའི་རྒྱལ་སར་འབྱོར་བར་ངོ་རྒོལ་སྐབས། ༢༠༡༦།༤ ཡུ་གུར་ལས་འགུལ་བས་རྒྱ་ནག་གི་སྲིད་འཛིན་ཨ་རིའི་རྒྱལ་སར་འབྱོར་བར་ངོ་རྒོལ་སྐབས། ༢༠༡༦།༤
Lhuboom/RFA

རྒྱ་ནག་གཞུང་གིས་ངོ་རྒོལ་བྱས་མིན་ལ་མ་ལྟོས་བར་མཱ་ལེ་ཞི་ཡས་ཡུ་གུར་བ ༡༡ གློད་བཀྲོལ་བཏང་པ་མ་ཟད་ཐུར་ཁེ་རུ་འགྲོ་རུ་བཅུགས་ཡོད་པ་རེད།
དེ་ཡང་རའེ་ཊིར་གསར་ལས་ཁང་གིས་མཱ་ལེ་ཞི་ཡ་རྒྱལ་ས་ནས་ཟླ ༡༠ པའི་ཚེས ༡༡ བཏང་བའི་གནས་ཚུལ་ནང་། ཡུ་གུར་བ་དེ་དག་གི་ཁྲིམས་རྩོད་པས་འགྲེལ་བརྗོད་ལྟར་ན། མཱ་ལེ་ཞི་ཡའི་ཁྲིམས་ཞིབ་པས་ཡུ་གུར་བའི་འབོད་སྐུལ་གཞིར་བཞག་ནས། མི་ཆོས་རིང་ལུགས་རྒྱུ་མཚན་དུ་དྲངས་ནས་ཡུ་གུར་བ ༡༡ གློད་བཀྲོལ་བཏང་ཡོད་པ་རེད། ཡུ་གུར་བ་དེ་ཚོ་ཟླ་འདིའི་ཚེས ༩ ཉིན་གནམ་གྲུར་བསྡད་ནས་ཐུར་ཁེ་རྒྱལ་ཁབ་ཏུ་ཕྱིན་འདུག
ཡུ་གུར་བ་དེ་དག་ལོ་སྔོན་མའི་སྤྱི་ཟླ ༡༡ པར་ཐེ་ལེན་ཊའི་བཙོན་ཁང་ནས་བྲོས་བྱོལ་གྱིས་མཱ་ལེ་ཞི་ཡ་འབྱོར་རྗེས། ཁོང་ཚོ་འཛིན་གཟུང་དང་བཀག་ཉར་བྱས་ཞིང་། སྐབས་དེར་མཱ་ལེ་ཞི་ཡ་གཞུང་གིས་ཡུ་གུར་བ་དེ་ཚོར་ཁྲིམས་འགལ་གྱི་རྒྱལ་མཚམས་འགལ་བའི་ཉེས་མིང་བཀལ་ཡོད་འདུག
དེ་བཞིན་དུ་རོའེ་ཊིར་གསར་ལས་ཁང་གིས་ཚེས ༡༢ ཉིན་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་མཱ་ལེ་ཞི་ཡ་གཞུང་གིས་ཡུ་གུར་བ ༡༡ གློད་བཀྲོལ་བཏང་བའི་མ་ཚད་དེ་ཚོ་ཐུར་ཁེ་རྒྱལ་ཁབ་དུ་བསྐྱལ་བར་ངོ་རྒོལ་དྲག་པོ་བྱས་པ་དང་ཆགས་ཅིག་རྒྱ་ནག་གིས་ཡུ་གུར་བ་དེ་ཚོ་པེ་ཅིང་དུ་བསྐྱལ་དགོས་པའི་དགོས་འདུན་སྣང་མེད་དུ་བཞག་ལུགས་སྐྱོན་བརྗོད་བྱས་འདུག
དེ་མིན་རྒྱ་ནག་གཞུང་གིས་ཡུ་གུར་བ་དེ་ཚོ་རྒྱ་ནག་གི་མི་སེར་ཡིན་པས་རྒྱལ་ཁབ་གསུམ་པར་བསྐྱལ་བར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བརྗོད་ཡོད་འདུག
ཉེ་བའི་ལོ་ཤས་ནས་རྒྱ་ནག་གཞུང་གིས་ཞིན་ཅང་ངམ་ཤར་ཊིར་ཀི་སི་ཐན་ལ་དྲག་གནོན་གྱི་ཤེད་ཤུགས་ཇེ་ཆེར་བཏང་དང་འགྲོས་མཉམ་དུ་ཡུ་གུར་བ་མང་པོ་ལྷོ་ཤར་ཨེ་ཞི་ཡའི་རྒྱལ་ཁབ་བརྒྱུད་ཐུར་ཁེ་རུ་འབྲོ་ཐབས་བྱེད་ཀྱིན་ཡོད་མོད། ཐེ་ལེན་ཊི་སོགས་རྒྱལ་ཁབ་ཀྱིས་རྒྱ་ནག་གི་དགོས་འདུན་ལྟར་འཛིན་བཟུང་བྱས་པའི་ཡུ་གུར་བ་ཚོར་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་པས། ཕྱིར་རྩིས་སྤྲོད་བྱས་པའི་ཡུ་གུར་བར་རྣམ་རྒྱུན་མནར་གཅོད་དང་ཐ་ན་ཚེ་སྲོག་གི་ཉེན་ཁར་ཐུག་ཡོད་སྟབས་རྒྱལ་སྤྱིའི་མི་ཐོབ་སྒྲིག་འཛུགས་ཀྱིས་སྐྱོན་བརྗོད་བྱེད་ཀྱིན་པ་རེད།

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎