༩།༡༡་ཁ་གཡོག་སྟེ་ཡུ་གུར་བ་སྟོང་ཕྲག་མང་པོ་བཙོན་འཇུག

རྒྱ་ནག་གཞུང་གིས་ཤིང་ཅང་རང་བཙན་འཐབ་རྩོད་པར་འཇིགས་སྐུལ་རིང་ལུགས་པའི་ཉེས་མིང་བཙུགས་ཏེ་མི་མང་པོ་བཙོན་འཇུག་བྱས་ཡོད་པ།

2011.09.11

༄༅༎༢༠༠༡ ལོའི་ཕྱི་ཟླ་དགུ་པའི་ཚེས་༡༡ ཉིན་ཨ་མི་རི་ཀའི་ནང་འཇིགས་སྐུལ་རིང་ལུགས་པས་གཏོར་རྒོལ་ཚབས་ཆེ་བཏང་བའི་རྗེས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པར་ཁ་གཏད་གདོང་ལེན་བྱེད་ཀྱི་ཡོད་པའི་སྲིད་ཇུས་ཁ་ལ་འཁྱེར་ཏེ། ཤིང་ཅང་རང་བཙན་འཐབ་རྩོད་པར་འཇིགས་སྐུལ་རིང་ལུགས་པའི་ཉེས་མིང་བཙུགས་ཏེ། འདས་ཟིན་པའི་མི་ལོ་བཅུའི་ནང་ཤིང་ཅང་ཁ་ཆེ་གྲངས་ཉུང་མི་རིགས་སྟོང་ཕྲག་མང་པོ་བཙོན་འཇུག་བྱས་ཡོད་པ་རེད།

དེ་རིང་ནི་ཨོ་ས་མ་སྦིན་ལ་རྡིན་ཡི་དྲག་སྤྱོད་ཚོགས་པས་ཨ་མི་རི་ཀའི་ནང་གཏོར་རྒོལ་ཚབས་ཆེ་བཏང་ནས་མི་ལོ་བཅུ་འཁོར་བའི་དྲན་གསོའི་ཉིན་མོ་དེར། འཛམ་གླིང་ནང་དུ་ཨ་རིའི་ནང་འཇིགས་སྐུལ་རིང་ལུགས་པས་གཏོར་རྒོལ་བཏང་བའི་རྗེས་བཟང་ངན་གྱི་ཤུགས་རྐྱེན་ཇི་ལྟར་ཐེབས་ཡོད་མེད་དང༌། ཨ་རིས་འཇིགས་སྐུལ་རིང་ལུགས་པར་གདོང་ལེན་ཆེད་ཨཕ་ག་ནི་སི་ཏན་ལ་དམག་འཐབ་བྱས་པའི་སྐོར་ལ་དཔྱད་རྩོམ་དང༌། བགྲོ་གླེང་སོགས་བྱེད་པ་དང༌། ཡང་༩པའི་༡༡ ཉིན་འདས་གྲོངས་སུ་ཕྱིན་པ་ཚོར་སྨོན་ལམ་འདོན་པ་སོགས་བྱེད་སྒོ་འདྲ་མིན་གྱི་ཐོག་ནས། མི་ལོ་བཅུའི་དྲན་གསོ་བྱེད་ཀྱི་ཡོད་པའི་སྐབས་དེར། འཇར་མ་ནི་ནང་དུ་ཡོད་པའི་རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་གཞུང་གིས་འདས་པའི་མི་ལོ་༡༠ ནང་ཡུ་གུར་མི་རིགས་ཐོག་དྲག་གནོན་ཇི་ལྟར་བྱས་པའི་དྲན་གསོ་བྱས་ཡོད་པ་ནི། ཨ་མི་རི་ཀས་རྒྱལ་སྤྱིའི་འཇིག་སྐུལ་རིང་ལུགས་པར་གདོང་ལེན་བྱེད་པའི་སྲིད་ཇུས་དེ་རྒྱ་ནག་གཞུང་གིས་ཤིང་ཅང་གི་མི་དམངས་ཐོག་དར་ཆ་དེ་འཕྱར་ཏེ། ཤིང་ཅང་ནང་དུ་སྤྱི་ཚོགས་ཐོག་ཟིང་ཆའི་དོན་རྐྱེན་གང་འདྲ་ཞིག་ཐོན་པའི་སྐབས། རྒྱ་ནག་གཞུང་གིས་འཇིགས་སྐུལ་རིང་ལུགས་པ་དང་ཡང་ན་ཁ་བྲལ་རིང་ལུགས་པ། དྲག་སྤྱོད་པ་སོགས་ཀྱི་ཉེས་མིང་བཏགས་ཏེ་དྲག་གནོན་བྱས་པ་དང༌། བཙོན་འཇུག་བྱས་པ་མ་ཟད། སྲོག་ཐོག་བཏང་ཡོད་པའི་སྐོར་གསུང་ཡོད་པ་དང༌། ད་དུང་རྒྱ་ནག་གཞུང་ལ། ཨ་རིའི་ནང་གི་དགུ་པའི་༡༡ ཉིན་གྱི་དོན་རྐྱེན་དེ་ཡིས། ཤིང་ཅང་ནང་དུ་ཆབ་སྲིད་དང་། སྤྱི་ཚོགས་དང་རིག་གཞུང་ཐད་ལ་རྒྱ་ནག་གཞུང་དང་ལྟ་ཚུལ་ཐ་དད་འཛིན་མཁན་ཡུ་གུར་བ་ཚོའི་ཞི་བའི་ལས་འགུལ་གང་འདྲ་ཞིག་སྤེལ་ཀྱང་དྲག་གནོན་བྱ་རྒྱུའི་ལག་ཆར་བེད་སྤྱོད་བཏང་ཡོད་པ་རེད་ཅེས་དང༌། འདས་པའི་མི་ལོ་བཅུའི་ནང་རྒྱ་ནག་གཞུང་གིས། འཇིགས་སྐུལ་རིང་ལུགས་པར་ཁ་གཏད་གདོང་ལེན་བྱེད་པའི་ཐབས་ཇུས་བེད་སྤྱོད་ལོག་པ་བཏང་སྟེ། ཡུ་གུར་གྲང་ཉུང་མི་རིགས་ཐོག་དྲག་གནོན་བྱས་པ་དང༌། ཡུ་གུར་བ་རང་བཙན་འཐབ་རྩོད་བྱེད་མཁན་ཐོག་རྡུང་རྡེག་ཚ་ནན་བཏང་སྟེ་གོ་རྒྱུ་ཐོས་རྒྱུ་མེད་པ་བཟོས་ཡོད། འཛམ་གླིང་ཁྱོན་ཡོངས་སུ་གཞུང་གི་ཆབ་སྲིད་ལམ་ལུགས་ནོར་འཁྲུལ་ཅན་ལ་ངོ་རྒོལ་བྱེད་མཁན་ཉིན་རེ་བཞིན་མ་བསྡད་པར་འཕེལ་རྒྱས་འགྲོ་བཞིན་ཡོད་ཀྱང་འཇིགས་སྐུལ་རིང་ལུགས་པའི་ཉེས་མིང་བཏགས་པ་ནི་ཡུ་གུར་འཐབ་རྩོད་པ་ཁོ་ན་ཡིན་པ་གསུང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎