ཡུ་གུར་མི་རིགས་ཀྱི་དབུ་ཁྲིད་སྐོར་གློག་བརྙན་སྟོན་རྒྱུར་འགོག་རྐྱེན།

ཨོ་སོ་ཀྲོ་ལི་ཡའི་ནང་ཡུ་གུར་མི་རིགས་ཀྱི་དབུ་འཁྲིད་ཀྱི་ལོ་རྒྱུས་བཀོད་པའི་གློག་བརྙན་བཏོན་རྒྱུར་རྒྱ་ནག་ནས་འགོག་རྐྱེན་བཟོ་རྩིས་བྱས་ཡོད་འདུག

2009.07.23

༄༅༎ཨོ་སོ་ཀྲོ་ལི་ཡའི་ནང་ཡུ་གུར་མི་རིགས་ཀྱི་དབུ་འཁྲིད་རེ་བི་ཡ་ཀ་རྡིར་གྱི་ལོ་རྒྱུས་བཀོད་པའི་གློག་བརྙན་བཏོན་རྒྱུར་རྒྱ་ནག་ཕྱོགས་ནས་འགོག་རྐྱེན་བཟོ་རྩིས་བྱས་ཡོད་འདུག

དེ་ཡང་ཨོ་སོ་ཀྲོ་ལི་ཡའི་ནང་འདི་ཚེས་ཉི་ཤུ་བཞི་ཉིན་ནས་བཟུང་བདུན་ཕྲག་གཉིས་ཙམ་རིང་རྒྱལ་སྤྱིའི་གློག་བརྙན་གྱི་དུས་སྟོན་ཞིག་ཚུགས་ཀྱི་ཡོད་པ་དང་དེའི་ནང་སྐུ་ཞབས་དྲེ་ནི་ཡིལ་ནས་བཟོ་བཀཀོད་གནང་བའི་གློག་བརྙན་དེའི་ནང་ཡུ་གུར་མི་རིགས་ཀྱི་དབུ་འཁྲིད་ལྕམ་རེ་བི་ཡ་ཀ་རྡིར་མཆོག་གི་སྐུ་ཚེ་དང་འབྲེལ་ཡོད་དངོས་བྱུང་གི་ལོ་རྒྱུས་བཀོད་པའི་གློག་བརྙན་ཞིག་ཡིན་འདུག

གོང་ཞུས་གློག་བརྙན་དེ་བཏོན་རྒྱུར་རྒྱ་ནག་གཞུང་ནས་འགོག་རྐྱེན་བཟོ་རྩིས་བྱས་ཡོད་འདུག དེ་ཡང་གློག་བརྙན་འཇུས་བཀོད་པའི་གྲས་སྐུ་ཞབས་མུ་རིས་མེལ་སྦོན་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཀྱི་ལས་ཁུངས་ཀྱི་ལས་བྱེད་བུད་མེད་ཆན་ཞེས་པས་ཁ་པར་བཏང་ནས་གོང་དུ་ཞུས་པའི་གློག་བརྙན་དེ་བཞིན་དུས་སྟོན་དེའི་ཐོག་བཏོན་རྒྱུ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ཅེས་བཤད་བྱུང་ཞེས་འགྲེལ་བརྗོད་གནང་འདུག འོན་ཀྱང་གློག་བརྙན་བཟོ་མཁན་སྐུ་ཞབས་དྲེ་ནི་ཡལ་ནས་རྒྱ་ནག་གཞུང་ནས་གློག་བརྙན་ཕྱིར་འཐེན་བྱེད་རྒྱུར་འགོག་རྐྱེན་སྤྲད་རྩིས་བྱས་ནས་ཡུ་གུར་མི་རིགས་ཀྱི་དཀའ་རྙོག་སེལ་རྒྱུའི་ཚབ་ཏུ་གཡོལ་ཐབས་བྱེད་པའི་སྲིད་བྱུས་དེ་ནི་ནོར་འཁྲུལ་ཅན་ཞིག་རེད་ཅེས་གསུངས་འདུག་ལ་ཁོང་ནས་རྒྱ་ནག་གཞུང་ཚབ་མང་པོར་ཡུ་གུར་མི་རིགས་ཀྱི་དཀའ་རྙོག་དང་ལྷག་པར་དུ་ལྕམ་རེ་བི་ཡ་ཀ་རྡིར་གྱི་སྐོར་སྐད་ཆ་ཤོད་རྩིས་བྱས་པའི་སྐབས་ཡ་ལན་ཡག་པོ་ཞིག་སྤྲད་ཀྱི་མི་འདུག་ཅེས་སྔོན་ཚུད་ནས་འདིའི་སྐོར་རྒྱ་ནག་གཞུང་དང་འབྲེལ་བ་གནང་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎