ཡུ་གུར་མི་རིགས་ཀྱི་འགོ་ཁྲིད་རེ་བི་ཡ་ཀ་རྡིར་སྐོར་གྱི་གློག་བརྙན།

ཡུ་གུར་མི་རིགས་ཀྱི་འགོ་ཁྲིད་རེ་བི་ཡ་ཀ་རྡིར་སྐོར་གྱི་གློག་བརྙན་དེ་གློག་བརྙན་དུས་སྟོན་ནས་ཕྱིར་བཏོན་གནང་དགོས་རྒྱུའི་རེ་འདུན་བཏོན་ཡོད་པ།

2009.07.15

༄༅༎ཨོ་སོ་ཀྲོ་ལི་ཡའི་གྲོང་ཁྱེར་མེལ་སྦོན་ནང་གི་རྒྱ་མིའི་གཞུང་ཚབ་ཀྱིས་ཡུ་གུར་མི་རིགས་ཀྱི་འགོ་ཁྲིད་ལྕམ་རེ་བི་ཡ་ཀ་རྡིར་སྐོར་གྱི་གློག་བརྙན་དེ་མེལ་སྦོན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་སྟོན་རྒྱུའི་གློག་བརྙན་གྱི་གྲས་ནས་ཕྱིར་བཏོན་གནང་དགོས་རྒྱུའི་རེ་འདུན་བཏོན་ཡོད་པར་གློག་བརྙན་དུས་སྟོན་གྱི་ངེས་སྟོན་པ་རི་ཆ་ཌི་མུ་ལྦར་ཡིས་ཁས་ལེན་གནང་མི་འདུག

ཨོ་སོ་ཀྲོ་ལི་ཡའི་རྒྱལ་ཡོངས་རླུང་འཕྲིན་ཨེ་སྦི་སི་ཐོག་གནས་ཚུལ་རྒྱང་སྲིང་གནང་བར་གཞིགས་ན་རྒྱ་ནག་གིས་ཉེ་ཆར་ཤར་ཏུར་ཀི་སི་ཐན་ནང་རྒྱ་མི་རིགས་དང་ཡུ་གུར་མི་རིགས་དབར་འཐབ་འཁྲུག་ལངས་པའི་རྒྱབ་ལ་ངན་སྐུལ་བྱེད་མཁན་ཡིན་པའི་ཁ་གཡོག་བཙུགས་སའི་ཡུ་གུར་མི་རིགས་ཀྱི་འགོ་ཁྲིད་ལྕམ་རེ་བི་ཡ་ཀ་རྡིར་གྱི་ལོ་རྒྱུས་སྐོར་གྱི་གློག་བརྙན་ཞིག་ཟླ་བ་རྗེས་མ་མེལ་སྦོན་ནང་སྟོན་གནང་རྒྱུ་ཡིན་པ་དེ་རྒྱ་ནག་གིས་འགོག་ཐབས་བྱས་ཡོད་པ་རེད།

མེལ་སྦོན་ནང་གི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་ངེས་སྟོན་པ་རི་ཆ་ཌི་མུ་ལྦར་ལ་ཉེ་ལམ་ཕྱི་ཚེས་བཅུ་ཉིན་རྒྱ་ནག་གཞུང་ཚབ་ཡན་ལག་ཁང་ནས་ཁ་པར་ཞིག་འབྱོར་ཡོད་པ་དང་ཁ་པར་གཏོང་མཁན་ཁྲེན་ཟེར་བའི་བུད་མེད་ཅིག་གིས་རེ་བི་ཡ་ཀ་རྡིར་སྐོར་གྱི་གློག་བརྙན་དེ་གློག་བརྙན་དུས་སྟོན་ནས་ཕྱིར་བཏོན་བྱེད་དགོས་པའི་རེ་འདུན་བཏོན་ཡོད་པར་ཁོང་གིས་ཁས་ལེན་གནང་མེད་པ་དང་རྒྱ་ནག་གི་དཔོན་རིགས་ཚོས་གློག་བརྙན་དེ་ལྟ་འདོད་མེད་པའི་རྣམ་འགྱུར་གསལ་པོ་བཏོན་ཡོད་སྐོར་རི་ཆ་ཌི་ཡིས་འགྲེལ་བརྗོད་གནང་བཞག

རེ་བི་ཡ་ཀ་རྡིར་སྐོར་གྱི་གློག་བརྙན་བཟོས་གནང་མཁན་ཇེཕ་ཌེ་ནི་ཡེལ་སི་ཡིས་རྒྱ་ནག་གཞུང་དང་འབྲེལ་བ་གནང་སྐབས་སྐབས་རེ་ལམ་ལྷོང་ཕྱིན་པ་དང་སྐབས་རེ་ལམ་ལྷོང་མ་ཕྱིན་པའི་ཁོང་ལ་མྱོང་ཚོར་འདྲ་མིན་བྱུང་ཡོད་ཅིང་འདས་པའི་ལོ་གཉིས་དང་ཕྱེད་ཀའི་རིང་ཁོང་གིས་གྲོང་ཁྱེར་མེལ་སྦོན་དང་ཁེན་སྦེ་ར་དེ་བཞིན་ཨ་རིའི་ནང་གི་ནིའུ་ཡོག་དང་ལྦ་ཤིང་ཊོན་ཌི་སི་བཅས་ཀྱི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་གཞུང་ཚབ་ཆེན་མོ་དང་འབྲེལ་བ་བྱ་རྒྱུའི་འབད་བརྩོན་གནང་སྐབས་ཤིན་ཅང་སྐོར་སྐད་ཆ་བཤད་རྒྱུར་དཀའ་ངལ་དེ་ཙམ་མེད་ནའང་རེ་བི་ཡ་ཀ་རྡིར་སྐོར་གླེང་སློང་བྱས་པ་ཙམ་གྱིས་རྒྱ་མིའི་གཞུང་ཚབ་པས་རེ་བི་ཡ་ཀ་རྡིར་ངོ་ཤེས་དང་ཁོང་དང་འབྲེལ་བ་ཇི་ལྟར་བྱུང་ཡོད་མེད། ཡང་གློག་བརྙན་དེ་བཟོ་སྒྲིག་སུས་བྱེད་ཀྱི་ཡོད་མེད་སོགས་དྲི་རྩད་ནན་པོ་བྱེད་ཡག་འགོ་འཛུགས་བྱེད་ཀྱི་ཡོད་སྐོར་གློག་བརྙན་བཟོ་སྒྲིག་གནང་མཁན་ཇེཕ་ཌེ་ནི་ཡེལ་སི་ཡིས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎