ཡུ་གུར་མི་རིགས་ཀྱི་འགོ་ཁྲིད་ར་སྦི་ཡཱ་ཉི་ཧོང་དུ་བསྐྱོད་རྒྱུར་ངོ་རྒོལ།

རྒྱ་གཞུང་གིས་ཡུ་གུར་མི་རིགས་ཀྱི་འགོ་འཁྲིད་ར་སྦི་ཡཱ་ཀ་རྡིར་ཉི་ཧོང་ལ་བསྐྱོད་རྒྱུའི་འཆར་གཞི་དེར་སྐྱོན་བརྗོད་བྱས་ཡོད་པའི་གནས་ཚུལ།

2009.07.27

༄༅༎རྒྱ་གཞུང་གིས་ཡུ་གུར་མི་རིགས་ཀྱི་འགོ་འཁྲིད་ར་སྦི་ཡཱ་ཀ་རྡིར་ཉི་ཧོང་ལ་བསྐྱོད་རྒྱུའི་འཆར་གཞི་དེར་སྐྱོན་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་བཞག

བཙན་བྱོལ་ནང་ཡོད་པའི་རྒྱ་ནག་གི་ཤིན་ཅང་ཡུ་གུར་མི་རིགས་ཀྱི་འགོ་འཁྲིད་ར་སྦི་ཡཱ་ཀ་རྡིར་བདུན་འདིའི་ནང་ཉི་ཧོང་ནང་བསྐྱོད་རྒྱུའི་འཆར་གཞི་ཡོད་སྐོར་ཁོང་གི་རྒྱབ་བསྐྱོར་གནང་མཁན་རྣམས་ཀྱིས་གསུངས་ཡོད་པ་རེད།

འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་ར་སྦི་ཡཱ་ཀ་རྡིར་ཡིས་ཉི་ཧོང་ནང་ཉིན་ལྔ་རིང་བཞུགས་འཆར་སྐབས་ཁོང་གིས་ཉི་ཧོང་གཞུང་འཛིན་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་མོལ་གནང་རྒྱུའི་འཆར་གཞི་དང་གསར་འགོད་ལྷན་ཚོགས་ཤིག་ཀྱང་བསྐོངས་ཚོགས་གནང་རྒྱུའི་འཆར་གཞི་ཡོད་པ་རེད།

ཉི་ཧོང་ནང་ཡོད་པའི་རྒྱ་གཞུང་གི་གཞུང་ཚབ་པ་ཀའི་ཏན་ཀའི་ཡིས་གསར་འགྱུར་བརྒྱུད་ལམ་ཁག་ནང་ར་སྦི་ཡཱ་ཀ་རྡིར་གྱི་ད་ཐེངས་ཀྱི་ཉི་ཧོང་གི་གཟིགས་བསྐོར་དེར་སྐྱོན་བརྗོད་དང་ཁོང་གི་གཟིགས་བསྐོར་དེས་རྒྱ་ནག་དང་ཉི་ཧོང་གི་འབྲེལ་བར་གནོད་སྐྱོན་ཐེབས་རྒྱུའི་ཉེན་ཁ་ཡོད་སྐོར་བརྗོད་འདུག

ཁོང་གིས་ར་སྦི་ཡཱ་ཀ་རྡིར་ནག་ཅན་ཞིག་རེད་ཅེས་དང་གལ་སྲིད་ཉི་ཧོང་ནང་ནག་ཅན་གྱི་གནས་ཚུལ་ཅིག་བྱུང་རྗེས་དེའི་འགོ་འཁྲིད་ལ་རྒྱལ་ཁབ་གསུམ་པ་ཞིག་གིས་གདན་ཞུ་ཕུལ་བ་ཡིན་ན་དེར་ཉི་ཧོང་གི་མི་མང་རྣམས་ཀྱིས་ཚོར་སྣང་ག་འདྲ་ཞིག་བསྐྱེད་ཀྱི་རེད་དམ་ཞེས་བརྗོད་འདུག

ཡང་ཁོང་གིས་ང་ཚོའི་ཐུ་མོང་གི་གནད་དོན་ཁག་ནག་ཅན་གྱི་གནས་ཚུལ་དང་དོན་མེད་ཀྱི་གནས་ཚུལ་ཁག་ནས་གཡོལ་ནས་སེལ་ཐབས་གནང་དགོས་སྐོར་བརྗོད་འདུག རྒྱ་གཞུང་གིས་ཉེ་སྔོན་ཕྱི་ཚེས་ལྔ་ཉིན་ཤིན་ཅང་ནང་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་བྱུང་བ་དེ་ར་སྦི་ཡཱ་ཀ་རྡིར་ལ་ཁ་གཡོག་བྱེད་ཀྱི་ཡོད་ནའང་དོན་དོས་ཐོག་ད་བར་དེར་དག་ཐེར་འཕེར་བའི་དཔང་རྟག་གང་ཡང་བཏོན་རྒྱུ་མེད་པ་རེད། ར་སྦི་ཡཱ་ཀ་རྡིར་རྒྱ་ནག་གི་བཙོན་ཁང་ནང་ལོ་ངོ་དྲུག་བསྡད་རྗེས་ཕྱི་ལོ་ཉིས་སྟོང་ལྔ་ལོར་ཨ་མི་རི་ཀའི་ནང་བཙན་བྱོལ་གྱི་གནས་བབ་འོག་སྡོད་དགོས་ཆགས་ཡོད་པ་རེད། ཉི་ཧོང་ངོས་ནས་ཉེ་ལམ་གྱི་ཤིན་ཅང་ནང་བྱུང་བའི་གནས་ཚུལ་དེ་བློ་འཚབ་བྱེད་འོས་པའི་གནས་ཚུལ་ཞིག་ལ་ངོས་འཛིན་དང་དེ་ཞི་བའི་ཐབས་ལམ་ཐོག་སེལ་དགོས་པའི་སྐོར་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎