ཤིན་ཅའང་གི་བཙོན་པ་རྣམས་རྒྱ་ནག་ལ་རྩིས་སྤྲོད་དགོས་ལུགས།

ཨ་མི་རི་ཀས་གུའན་ཏ་ན་མོ་སྦེ་བཙོན་ཁང་སྒོ་རྒྱབ་ཚེ་ཤིན་ཅའང་གི་བཙོན་པ་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱ་དགོས་པའི་སྐོར་ནན་བརྗོད་བྱས་ཡོད་པ།

2008.12.23

༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་གི་ཕྱོགས་ནས་གལ་ཏེ་ཨ་མི་རི་ཀའི་སྲིད་འཛིན་གསར་པས་གཞུང་འཛིན་ཐུགས་འགན་བཞེས་པའི་རྗེས་གུའན་ཏ་ན་མོ་སྦེ་ནང་ཡོད་པའི་ཨ་མི་རི་ཀའི་བཙོན་ཁང་སྒོ་རྒྱབ་པ་དང་བཙོན་པ་གློད་འགྲོལ་བཏང་པ་ཡིན་ཚེ་ཤིན་ཅའང་གི་བཙོན་པ་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱ་དགོས་པའི་སྐོར་བསྐྱར་ཏུ་ནན་བརྗོད་བྱས་ཡོད་པ་རེད།

གསར་ཏུ་འོས་འདེམས་བྱུང་བའི་ཨ་མི་རི་ཀའི་སྲིད་འཛིན་གསར་པ་སྐུ་ཞབས་སྦ་རཀ་ཨོ་སྦ་མ་ཡིས་རིང་མིན་ཕྱི་ཟླ་དང་པོའི་ཚེས་ཉི་ཤུ་ཉིན་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་ཨི་རག་གི་དམག་འཐབ་སྐབས་འཛིན་བཟུང་བྱས་པའི་བཙོན་པ་དོ་དམ་བྱེད་ཡུལ་གུའན་ཏ་ན་མོ་སྦེ་བཙོན་ཁང་དེ་སྒོ་རྒྱབ་རྒྱུ་དང་དེའི་ནང་གི་བཙོན་པ་ཁག་ཅིག་གློད་འགྲོལ་གཏོང་རྒྱུའི་ཁས་ལེན་གནང་ཡོད་པ་དང་ཨ་མི་རི་ཀས་གུའན་ཏ་ན་མོ་སྦེ་བཙོན་ཁང་དུ་ཤར་ཏུར་ཀི་སི་ཐན་ཁ་ཆེའི་མི་རིགས་བཅུ་བདུན་དོ་དམ་བཀག་ཉར་བྱས་ཡོད་པར་བརྟེན་རྒྱ་ནག་ཕྱོགས་ནས་ཤར་ཏུར་ཀི་སི་ཐན་ལ་ཤིན་ཅའང་ཞེས་འབོད་པ་དང་དེའི་ནང་གི་ཤར་ཏུར་ཀི་སི་ཐན་ཁ་ཆེའི་ལས་འགུལ་ཚོགས་པ་དེ་འཇིགས་སྐུལ་དྲག་སྤྱོད་པར་ངོས་འཛིན་བྱས་ཏེ་བཙོན་པ་དེ་རྣམས་རྒྱ་ནག་ལ་རྩིས་སྤྲོད་དགོས་ཞེས་བཤད་ཀྱི་ཡོད་པ་རེད། དེ་ཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཆིན་ཀང་ཡིས་དེ་རིང་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག་ལ་རྒྱ་ནག་གཞུང་ཕྱོགས་ནས་དུས་རྟག་ཏུ་ཨ་མི་རི་ཀར་བཙོན་པ་དེ་རྣམས་རྒྱ་ནག་ཏུ་རྩིས་སྤྲོད་བྱ་དགོས་པའི་དགོས་འདུན་བཏོན་བཞིན་པ་དང་རྒྱལ་ཁབ་གང་ཞིག་གིས་བཙོན་པ་དེ་རྣམས་དོ་དམ་བཀག་ཉར་བྱ་རྒྱུར་རྒྱ་ནག་ཕྱོགས་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བཤད་ཡོད་པ་རེད། ཨ་མི་རི་ཀས་ཤར་ཏུར་ཀི་སི་ཐན་གྱི་བཙོན་པ་བཅུ་བདུན་དེ་རྣམས་གློད་འགྲོལ་གཏོང་རྒྱུ་ཐག་གཅོད་ཟིན་ཡོད་ཀྱང་གལ་ཏེ་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་ཡིན་ཚེ་རྒྱ་ནག་གཞུང་གིས་ཁོང་ཚོར་མི་ཆོས་ལས་འདས་པའི་གདུག་རྩུབ་དང་མནར་གཅོད་གཏོང་རྒྱུ་ཡིན་པ་བློ་འཚབ་གནང་གི་ཡོད་པ་བརྟེན་ཁོང་ཚོ་གློད་འགྲོལ་བཏང་བའི་རྗེས་འགྲོ་ཁུངས་གཞན་ཞིག་འཚོལ་ཐབས་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎