རྒྱ་ནག་གཞུང་གིས་ཁ་ཆེའི་གཉུག་གནས་ཟླ་བར་དམ་བསྒྲཌ

རྒྱ་ནག་གི་མངའ་འོག་ཤར་ཏུར་ཀིསི་ཐན་ནང་འབར་རྗས་གས་ཐོར་བྱུང་བ་དེ་ཚོ་ཁ་ཆེ་དྲག་འཐབ་མཁན་གྱི་བྱ་སྤྱོད་ཡིན་ལུགས་སྐྱོན་འཛུགས།

2011.08.01

༄༅།།རྒྱ་ནག་གཞུང་གིས་ཁ་ཆེའི་གཉུག་གནས་ཟླ་བ་འགོ་ཚུགས་མ་ཐག་ཆོས་ཕྱོགས་དང་འབྲེལ་བའི་ཁྲིམས་འགལ་བྱེད་སྒོ་ཁག་གི་ཐོག་དམ་བསྒྲཌ་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་མ་ཟད། རྒྱ་ནག་གི་མངའ་འོག་ཤར་ཏུར་ཀིསི་ཐན་གྱི་ཀཤི་གར་གྲོང་ཁྱེར་ནང་འབར་རྗས་གས་ཐོར་ཁག་གཉིས་ཙམ་བྱུང་བའི་དོན་རྐྱེན་དེ་ཚོ་ཁ་ཆེ་དྲག་འཐབ་མཁན་གྱི་བྱ་སྤྱོད་ཅིག་ཡིན་པར་རྒྱ་ནག་གིས་སྐྱོན་འཛུགས་བྱས་འདུག།

རྒྱ་གཞུང་གིས་ཆོས་ཕྱོགས་དང་ཆབ་སྲིད་ཐོག་བཏང་འཛིན་ཤུགས་ཆེ་བྱ་ཡུལ་ཤིན་ཅང་ངམ་་ཤར་ཏུར་ཀིསི་ཐན་ནང་ ཡུན་རིང་ནས་ཡུ་གུར་ཁ་ཆེའི་མི་རིགས་ཚོས་ རྒྱ་ཧན་མི་རིགས་ལ་མི་དགའ་བ་ཆེན་པོ་བྱེད་ཀྱི་ཡོད་ཅིང༌། ཁ་ས་གྲོང་ཁྱེར་ཀཤི་གར་ནང་དྲག་ཟིང་གི་གནས་ཚུལ་བྱུང་ཡོད་པ་རེད།

གྲོང་ཁྱེར་ཀཤི་གར་ས་གནས་གཞུང་གི་དྲ་རྒྱའི་ཐོག། དྲག་པོའི་གཏོར་རྒོལ་བཏང་བའི་དོན་རྐྱེན་དེའི་རྒྱབ་ཀྱི་དམིགས་ཡུལ་གཙོ་བོ་ནི་མི་རིགས་ཕན་ཚུན་དབར་ཆིག་སྒྲིལ་མེད་པ་བཟོ་ཐབས་དང༌། སྤྱི་ཚོགས་ཀྱི་བརྟན་ལྷིང་མེད་པ་བཟོས་ཏེ། མི་རིགས་ནང་ཁུལ་ཕན་ཚུན་ཞེ་འཁོན་སྡང་འཛིན་གྱི་ཀུན་སློང་ངན་པ་སྐུལ་སྤེལ་བྱ་རྒྱུ་དེ་ཡིན་སྐོར་སྐྱོན་འཛུགས་དང་འབྲེལ། དོན་རྐྱེན་དེའི་ནང་ལེ་ཁག་ཡོད་པའི་དོགས་གཞི་ཅན་གྱི་མི་འཛིན་བཟུང་བྱས་པ་ཚོས་ དེའི་གོང་ལ་ཁོང་ཚོའི་འགོ་ཁྲིད་པ་ཀིསི་ཐན་ལ་བྲོས་བྱོལ་དུ་ཕྱིན་ནས་ཁ་བྲལ་རིང་ལུགས་ཀྱི་ཚོགས་སྡེ་ ཤར་ཏུར་ཀིསི་ཐན་ཁ་ཆེའི་ལས་འགུལ་ཚོགས་པའི་ནང་འཛུལ་ཞུགས་ཀྱིས་ འབར་རྫས་སོགས་བཟོ་བཏང་གི་སྦྱོང་བརྡར་ཆ་ཚང་བྱས་ནས་ རྒྱ་ནག་ལ་ཕྱིར་ལོག་བྱས་ཡོད་པ་ངོས་ལེན་བྱས་ཡོད་ལུགས་ཀཤི་གར་ས་གནས་སྲིད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་བཏོན་ཡོད་པ་རེད།

རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་གཙོ་བོ་ཀྲང་ཁྲུན་ཤིའན་ཡིས་ ཆོས་ལུགས་རྨོངས་ཞེན་པའི་ཐོག་དྲག་གནོན་བྱ་རྒྱུའི་གསལ་བསྒྲགས་དང་འབྲེལ། ཤར་ཏུར་ཀིསི་ཐན་ནང་འབར་རྫས་གས་གཏོར་བཏང་བའི་དོན་རྐྱེན་ནང་ཐེ་གཏོགས་ཡོད་པ་རྩད་གཅོད་ཐུབ་མཚམས་ཉེས་ཆད་ལྗིད་པོ་གཏོང་རྒྱུའི་དམ་བཅའ་བཞག་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎