རྒྱ་ནག་གིས་སྔ་ལོར་ཡུ་གུར་མི་རིགས་༡༣༠༠འཛིན་བཟུང་བྱས་པ།

རྒྱ་ནག་གཞུང་གིས་རྒྱ་ནག་གི་ནུབ་ཕྱོགས་ཤར་ཏུར་ཀི་སི་ཐན་ནང་སྔ་ལོར་ཁུལ་དེའི་ནང་གི་ཁ་ཆེ་མི་རིགས་༡༣༠༠ཙམ་ཞིག་འཛིན་བཟུང་བྱས་ཡོད་པ།

2009.01.04

༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་གི་ནུབ་ཕྱོགས་ཤར་ཏུར་ཀི་སི་ཐན་ནང་འཇིགས་སྐུལ་དྲག་སྤྱོད་རིང་ལུགས་དང་ཆོས་ལུགས་མཐར་ལྷུང་བ་འམ་ཡང་ན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་གཞིའི་ནག་ཉེས་བཙུགས་ཏེ་སྔ་ལོ་༢༠༠༨ལོར་ཁུལ་དེའི་ནང་གི་ཁ་ཆེ་མི་རིགས་༡༣༠༠ཙམ་ཞིག་འཛིན་བཟུང་བྱས་ཡོད་སྐོར་ཁ་ས་རྒྱ་ནག་གཞུང་འབྲེལ་ཉིན་རེའི་གསར་ཤོག་ཅིག་གི་ནང་གནས་ཚུལ་བཀོད་འདུག

ཤར་ཏུར་ཀི་སི་ཐན་ནང་ཡུ་གུར་མི་རིགས་མི་འབོར་ས་ཡ་བརྒྱད་ལྷག་ཡོད་པ་དང་དེ་ཚོ་ཕལ་ཆེ་བ་ཁ་ཆེ་ཡིན་ཞིང་ཁོང་ཚོས་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་རྒྱ་ནག་གཞུང་གིས་ཁོང་ཚོའི་ཆབ་སྲིད་དང་ཆོས་ཕྱོགས་ཐོག་དྲག་གནོན་ཤུགས་ཆེ་བྱེད་ཀྱི་ཡོད་སྐོར་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།

སྔ་ལོ་༢༠༠༨ལོའི་ཕྱི་ཟླ་བརྒྱད་པར་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་འཛམ་གླིང་ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་ཚུགས་པའི་ལོ་ཞིག་ཆགས་ཡོད་པར་བརྟེན་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་བྱ་རྒྱུ་དེ་གནད་དོན་ཨང་དང་པོར་རྩིས་ནས་རྒྱ་ནག་གཞུང་གིས་ཤིན་ཧང་ཞེས་གྲགས་པའི་ཤར་ཏུར་ཀི་སི་ཐན་ནང་དོགས་གཞི་ཅན་གྱི་མི་མང་པོ་འཇུ་བཟུང་བྱས་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད།

ཨོ་ལིམ་པིག་རྩེད་འགྲན་མ་ཚུགས་གོང་ཤར་ཏུར་ཀི་སི་ཐན་ཁུལ་ཟིང་འཁྲུག་ཐེངས་འགའ་ཤས་བྱུང་བ་དང་རྒྱ་ནག་གཞུང་འབྲེལ་གསར་ལས་ཁང་གིས་ཟིང་འཁྲུག་དེ་བཞིན་ཡུ་གུར་ཁ་ཆེའི་ཁ་བྲལ་རིང་ལུགས་པ་ཚོས་བརྒྱུད་སྐུལ་བྱས་པ་ཞིག་ཡིན་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་རེད།

གོང་ཞུས་རྒྱ་ནག་གཞུང་འབྲེལ་གསར་ཤོག་དེའི་ནང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་གི་ཡོད་པའི་དོགས་གཞིའི་འོག་༢༠༠༨ལོའི་མགོ་སྟོད་ཀྱི་ཟླ་བ་བཅུ་གཅིག་ནང་མི་གྲངས་༡༢༩༥འཛིན་བཟུང་བྱས་ཡོད་པ་དང་དེ་མིན་མི་གྲངས་༡༡༥༤ལ་ཁྲིམས་ཞིབ་དང་ཉེས་ཆད་བཏང་ཡོད་པ་དང་རྒྱ་གཞུང་གིས་འབྲེལ་ཡོད་ཁྲིམས་དོན་དཔོན་རིགས་ཚོར་འཇིགས་སྐུལ་དྲག་སྤྱོད་རིང་ལུགས་དང་ཁ་བྲལ་རིང་ལུགས།ཆོས་ལུགས་མཐར་ལྷུང་རིང་ལུགས་བཅས་རིང་ལུགས་གསུམ་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎